ཉེ་ཆར། བོད་སྡོད་དཔུང་སྡེ་ཞིག་གི་སྨན་བཅོས་རུ་ཁག་གིས་རྫ་ཡུལ་རྫོང་རྫ་ཡུལ་རོང་སྟོད་གྲོང་རྡལ་ཨ་གྲགས་གྲོང་ཚོར་བསྐྱོད་དེ། དམག་དཔུང་དང་ས་གནས་མཉམ་སྐྲུན་གྱི་བདེ་ཐང་འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་ནས་མང་ཚོགས་ལ་སྤུས་ལེགས་ཀྱི་སྨན་བཅོས་ཞབས་འདེགས་ཞུས་པ་རེད། བདེ་ཐང་འོས་འགན་སྨན་བཅོས་བྱེད་སྒོས་ཨ་གྲགས་གྲོང་ཚོའི་གྲོང་མིར་སྟབས་བདེ་དང་སྤུས་ལེགས་ཀྱི་སྨན་བཅོས་ཞབས་ཞུ་མཁོ་འདོན་བྱས་པ་མ་ཟད། གྲོང་མི་དང་དཔུང་སྡེའི་དཔོན་དམག་དབར་གྱི་བརྩེ་བ་སྔར་བས་ཟབ་ཏུ་ཕྱིན་ཞིང་། དེ་ནི“དམག་གིས་དམངས་ལ་གཅེས་པ་དང་། དམངས་ཀྱིས་དམག་ལ་བཀུར་བ། དམག་དམངས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི”གསོན་ཉམས་ལྡན་པའི་ལག་ལེན་ཞིག་རེད།