འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་གནམ་ཤང་ལྗང་གྲོང་ཚོས“གྲོང་ཚོ་རེར་བཅའ་ཁྲིམས་བློ་འདྲི་བ་རེ”ཡོད་པའི་གན་འཇོག་མཛད་སྒོ་གཟབ་རྒྱས་ངང་འཚོགས་པ་རེད།
གྲོང་ཚོར་བཅའ་ཁྲིམས་བློ་འདྲི་བ་བཅའ་སྡོད་བྱ་རྒྱུ་དེ་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་གསར་གཏོད་དང་། གཞི་རིམ་གྱི་འགལ་བ་དང་རྩོད་གཞི་སེལ་བ། མང་ཚོགས་ཀྱི་བཅའ་ཁྲིམས་དགོས་མཁོ་སྐོང་བ་བཅས་ཀྱི་འགག་རྩའི་བྱ་ཐབས་ཤིག་ཏུ་བརྩི་རྒྱུ་ཡིན་ཞིང་། བཅའ་ཁྲིམས་བློ་འདྲི་བ་ཁག་གིས་ཁྲིམས་ལུགས་ཁྱབ་གདལ་གྱི་བྱེད་སྒོ་སྣ་ཚོགས་སྤེལ་བ་དང་། དེ་བཞིན་ཆེད་ལས་ཀྱི་བཅའ་ཁྲིམས་ཞབས་ཞུ་བསྒྲུབས་ཏེ། མང་ཚོགས་ལ་སྤུས་ལེགས་ཀྱི་བཅའ་ཁྲིམས་ཞབས་ཞུ་མཁོ་འདོན་བྱེད་པའི་བརྒྱུད་རིམ་ནང་མང་ཚོགས་ཀྱི་ཁྲིམས་སྦྱོང་དང་། ཁྲིམས་ཤེས། ཁྲིམས་རྟོགས། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། མང་ཚོཌ་ལ་ཁྲིམས་མཐུན་གྱི་ཐབས་ལམ་བརྒྱུད་རང་ཉིད་ཀྱི་ཁེ་ཕན་གྱི་རེ་འདུན་མཚོན་པར་ཁྲིད་སྟོན་ཧུར་ཐག་བྱེད་པ། གཞི་རིམ་གྱི་རྩོད་གཞི་འབྱུང་རྩ་ནས་སེལ་བར་སྐུལ་འདེད་གཏོང་བ། ཁོངས་གཏོགས་ཁུལ་གྱི་བདེ་འཇགས་དང་བརྟན་ལྷིང་ལ་ཤུགས་རྐྱེན་ཐེབས་པའི་མངོན་མེད་རྐྱེན་ངན་སྔོན་འགོག་དང་ཉུང་དུ་གཏོང་བ་བཅས་བྱས་ནས་གཞི་རིམ་གྱི་ཁྲིམས་ལྟར་བཅོས་སྐྱོང་གི་ནུས་པ་རིམ་བཞིན་ཆེ་རུ་གཏོང་རྒྱུ་རེད།