《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年07月02日

སྒར་རྫོང་གིས་ངའི་ལང་ཚོའི་གཏམ་རྒྱུད་ཅེས་པའི་སྐོར་སྐྱོད་སྒྲོག་འགྲེལ་བྱས་པ།

འདི་ག་ཚགས་པར་ཁང་དུ་གློག་འཕྲིན་འབྱོར་གསལ། ཉེ་ཆར། གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་། བོད་རང་སྐྱོང་ལྗོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས། གུང་གཞོན་སྡེ་ཚོགས་མངའ་རིས་ས་ཁུལ་ཨུ་ཡོན་ལྷན་ཁང་བཅས་ཀྱིས་སྒར་རྫོང་དུ“ལང་ཚོ་དར་དུས་ས་མཐོར་བྱས་རྗེས་འཇོག ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་འགན་འཁྲི་འཁུར”ཞེས་པའི་ངའི་ལང་ཚོའི་གཏམ་རྒྱུད་ཀྱི་སྐོར་སྐྱོད་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོའི་ནང་། གུང་གཞོན་སྡེ་ཚོགས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པའི་འཐུས་མི་མངའ་རིས་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་གི་མི་དམངས་ཉེན་རྟོག་པ་བཀྲ་ཤིས་ནོར་བུས་རང་ཉིད་ཀྱི་འཚར་ལོངས་བརྒྱུད་རིམ་དང་ཟུང་འབྲེལ་གྱིས་ལང་ཚོ་སྐྱེས་སུ་འབུལ་བ་དང་མཐའ་མཚམས་ལ་བྱས་རྗེས་འཇོག་པའི་མི་སེམས་འགུལ་བའི་བྱས་རྗེས་བརྗོད་དེ། རྒྱ་ཆེའི་ཡུལ་མི་གནས་སྤོ་དོ་དམ་ཉེན་རྟོག་པས་མཛེས་སྡུག་ལྡན་པའི་མཐའ་མཚམས་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེའི་ཁྲོད་བྱས་རྗེས་འཇོག་པ་དང་འགན་འཁྲི་འཁུར་རྒྱུར་ལྕག་སྐུལ་བྱས་ཡོད།