ཉེ་བའི་ལོ་ཤས་རིང་ལྷ་ཉིང་ལྕགས་ལམ་འཁོར་སྐྱོད་བདེ་བླག་ཡོང་ཆེད། ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ལམ་སྐྱོང་གཞུང་ལས་ཁང་གིས་སྤྱི་ཚོགས་ལས་རིགས་ཁག་གི་སྟོབས་ཤུགས་ལྕགས་ལམ་ཉེ་འཁོར་གྱི་ཁོར་ཡུག་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་བཅོས་སྒྲིག་ལས་དོན་སྒྲུབ་པའི་ནང་ཞུགས་པར་སྐུལ་སློང་ཧུར་ཐག་བྱས་ཡོད།
འདི་ནི་གྲྭ་ནང་རྫོང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ལམ་སྐྱོང་གཞུང་ལས་ཁང་གིས་ལྷ་སའི་རྨང་གཞིའི་སྒྲིག་བཀོད་དུམ་བུའི་ཕྱོགས་བསྡུས་ཉམས་གསོའི་འཁོར་ཁང་དུ་ལྕགས་ལམ་ཉེ་འཁོར་གྱི་ཁོར་ཡུག་ལ་གྲལ་བཤེར་བྱེད་བཞིན་པ།