《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年07月02日

ལྷ་ས་གླང་རུ་སྡེ་ཁུལ་གྱིས།

བདེ་འཇགས་སློབ་གསོའི་ཚན་རིག་ཁྱབ་གདལ་ཤེས་བྱ་འཆད་ཁྲིད་བྱས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། འབྲེལ་ཡོད་ཡིག་ཆའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ་གྲོང་མིའི་བདེ་ཐང་ཆུ་ཚད་མཐོ་རུ་དང་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་ཆེད། ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྔ་ཆེན་ཁྲོམ་གཞུང་གླང་རུ་སྡེ་ཁུལ་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་ཀྱིས་གྲོང་མི་མང་ཚོགས་ལ་དམིགས་ཏེ་འཕྲལ་འདོམས་སྲོག་སྐྱོབ་ཤེས་བྱའི་དྲིལ་བསྒྲགས་སློབ་གསོ་དང“གློ་སྙིང་སླར་གསོའི”མྱུར་སྐྱོབ་འཆད་ཁྲིད་བྱས་པ་དང་སྦྲགས། བདེ་འཇགས་བདེ་ཐང་སློབ་གསོའི་དྲ་བ་བོད་ལྗོངས་ས་ཚིགས་ཀྱི་གསོ་རིག་འཆད་ཁྲིད་དགེ་རྒན་པུའི་ཀྲུའུ་རེན་ཝུའུ་ཧུང་ཡུས་ས་ཡུལ་དངོས་སུ་སློབ་ཁྲིད་བྱེད་པར་གདན་དྲངས་པ་རེད།