འདི་ནི་ཕུན་ཚོགས་གླིང་ལྕགས་ཐག་ཟམ་པ་སྲུང་སྐྱོང་བྱ་ཡུལ་ཡིན་པ།
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། “ཕུན་ཚོགས་གླིང་ལྕགས་ཐག་ཟམ་པ་རྐུ་འཕྲོག་གྱོད་གཞིའི”བཅད་ཁྲ་ཁྱབ་བསྒྲགས་བྱས་ནས་ལོ་གཅིག་ཙམ་སོང་ཞིང་། རང་སྐྱོང་ལྗོངས་རིམ་པའི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པ་ཕུན་ཚོགས་གླིང་ལྕགས་ཐག་ཟམ་པའི་རྒྱང་ལྟའི་རང་བཞིན་དང་སྔོན་འགོག་རང་བཞིན་གྱི་སྲུང་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་ཆེད། ལྷ་རྩེ་རྫོང་མི་དམངས་ཁྲིམས་ཁང་གིས“ཕུན་ཚོགས་གླིང་ལྕགས་ཐག་ཟམ་པའི”རྗེས་མཐུད་སྲུང་སྐྱོང་ལས་དོན་སྤེལ་ཚུལ་ལ་བརྟག་ཞིབ་ཟབ་མོ་བྱས་ནས་དེ་སྔོན་གྱི་རྐུ་འཕྲོག་གྱོད་གཞི་ཐོན་རྐྱེན་སོགས་དང་ཟུང་འབྲེལ་བྱས་ཏེ། ཉེ་ཆར།《རིག་དངོས་ཀྱི་ཁྲིམས་འཛིན་སྲུང་སྐྱོང་བཀའ་རྒྱ》ཐོག་མ་དེ་བཀྲམ་ནས་ས་ཆ་དེ་རང་དུ་ཉེན་བརྡའི་བྱང་བུ་བཙུགས་ཏེ་ཁྲིམས་འཛིན་སྲུང་སྐྱོང་བཀའ་རྒྱའི་ཐབས་ལ་བརྟེན་ནས་རིག་དངོས་སྲུང་སྐྱོང་ལས་དོན་ལ་ཁྲིམས་སྐྱོང་གི་འགན་ལེན་བརྟན་པོ་བྱས་ཡོད།