《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年06月25日

ཀྲུང་གོའི་ཕུལ་བྱུང་འགུལ་རིས་བརྩམས་ཆོས་ཀྱི་འོས་སྦྱོར་ངོ་སྤྲོད་ཚོགས་འདུ་ཧྥ་རན་སེར་འཚོགས་པ།

འདི་ག་ཚགས་པར་ཁང་དུ་གྲོང་ཁྱེར་ཕ་རི་སི་ནས་གློག་འཕྲིན་འབྱོར་གསལ། “རི་ཆུ་མཉམ་འཕྲད། མཛེས་པ་ཀུན་འཛོམས”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཀྲུང་གོའི་ཕུལ་བྱུང་འགུལ་རིས་བརྩམས་ཆོས་འོས་སྦྱོར་ངོ་སྤྲོད་ཚོགས་འདུ་ཉིན་ཤས་གོང་ཧྥ་རན་སེའི་ཨ་ནེ་ཤིས་རྒྱལ་སྤྱིའི་འགུལ་རིས་གློག་བརྙན་དུས་ཆེན་གྱི་ཉོ་ཚོང་ཁྲོམ་རའི་བྱེད་སྒོ་སྤེལ་རིང་འཚོགས་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། འོས་སྦྱོར་ངོ་སྤྲོད་ཚོགས་འདུར་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་དང་རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱིས་མཛུབ་ཁྲིད་བྱས་པ་དང་ཀྲུང་གོ་འགུལ་རིས་སློབ་ཚོགས་ཀྱིས་གཙོ་གཉེར་བྱས་པ་ཞིག་ཡིན་ཞིང་། དེའི་དམིགས་ཡུལ་ནི་གོ་ལ་ཧྲིལ་པོའི་འགུལ་རིས་ལས་རིགས་ལ་ཐུན་མོང་མ་ཡིན་པའི་རིག་གནས་དང་སྒྱུ་རྩལ་གྱི་སྟོན་མོ་གཟབ་རྒྱས་ཤིག་གཤོམ་ཆེད་རེད།

“ཀྲུང་གོའི་འགུལ་རིས་བརྩམས་ཆོས་ཀྱིས་ངའི་ཡིད་དབང་རྦད་དེ་འཕྲོག་སོང་། དེའི་མཐོང་ཚོར་དང་། ཚོན་མདངས་དང་མི་སེམས་འགུལ་བའི་གཏམ་རྒྱུད་ལས་ང་ལ་བག་ཆགས་ཟབ་མོ་བཞག་བྱུང”ཞེས་3Dའགུལ་རིས་ཆེད་ལས་ཀྱི་སློབ་གྲྭ་ཆེ་མོ་བ་ཨ་ཏེ་ལི་ཨན·ཨའེ་མུའུ་ཡིས་ཉོ་ཚོང་ཁྲོམ་རའི་ཀྲུང་གོའི་མཉམ་འབྲེལ་འགྲེམས་སྟེགས་ལ་ལྟ་སྐོར་བྱེད་སྐབས་གསར་འགོད་པར་བཤད། (པད་ཆོས་ཀྱིས་བསྒྱུར། བདེ་དབང་གིས་ཞུས)