《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年06月25日

“ཀྲུང་གོའི་གློག་བརྙན་བརྙན་འཕྲིན་བརྩམས་ཆོས་དེ་བས་མང་བ་པར་ཙིར་དུ་སྟོན་རྒྱུར་སྐུལ་འདེད་གཏོང་དགོས”

མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཧྲི་ཡོན་ཧའོ།

པར་ཙིར་གྱི་ལི་གཡོད་རེ་ནེ་ལུའུ་སྒྱུ་རྩལ་གྲོང་ཁྱེར་ཕྱི་རོལ་དུ་མི་ཚོགས་ཀྱིས་ཁེངས་ཤིང་ལྟད་མོ་བ་ཚོས་བང་བསྒྲིགས་ནས་ངོ་མཚར་ཆེ་བའི་མིག་ཡིད་རྣ་བའི་དགའ་སྟོན་བསྒུགས་ནས་བསྡད། འགྲེམས་སྟེགས་མང་པོའི་ཁྲོད་ཀྲུང་གོའི་གློག་བརྙན་བརྙན་འཕྲིན་བརྩམས་ཆོས་ཀྱི་རྒྱ་ཁྱབ་བརྡ་སྦྱོར་གྱིས་རྒྱན་སྤྲས་པའི་ཀྲུང་གོའི་མཉམ་འབྲེལ་འགྲེམས་སྟེགས་ཧ་ཅང་མངོན་གསལ་དོད། ཉིན་ཤས་གོང་2024ལོའི་ལི་གཡོད་བསམ་བཀོད་ཚོགས་ཆེན་འཚོགས་ཤིང་། ལ་ཏིང་མེ་གླིང་གི་བསམ་བཀོད་ཐོན་ལས་ཁྱབ་ཁོངས་ཀྱི་ཤུགས་རྐྱེན་ཆེ་ཤོས་ལྡན་པའི་འགྲེམས་ཚོགས་ཀྱི་གྲས་ཤིག་ཡིན་པའི་ད་ཐེངས་ཀྱི་ཚོགས་ཆེན་ཐོག་ཁེ་ལས་བརྒྱ་ཕྲག་དང་། ལས་རིགས་ཁག་གི་མི་སྣ་དང་ལྟད་མོ་བ་ཁྲི་5ཙམ་དེའི་ནང་ཞུགས་རྒྱུའི་ཡིད་དབང་བཀུག་ཡོད་པ་རེད།

ས་གནས་ས་ཐོག་ཏུ་པར་ཙིར་གྱི་སྨྱན་སྦྱོར་ཚོགས་པ་དང་གློག་བརྙན་བཟོ་སྐྲུན་ཀུང་སི་མི་ཉུང་བ་ཞིག་ཀྲུང་གོའི་མཉམ་འབྲེལ་འགྲེམས་སྟེགས་མདུན་དུ་ངོ་འཕྲད་གྲོས་མོལ་དང་མཉམ་ལས་བྱེད་པར་ཡོང་ཡོད། པར་ཙིར་ཧོ་ཙེ་སྨྱན་སྦྱོར་ཚོགས་པས་ལོ་མང་རིང་ཀྲུང་གོའི་སྨྱན་སྦྱོར་ལས་སྟེགས་མང་པོ་དང་མཉམ་ལས་རྒྱུན་འཁྱོངས་བྱས་ཡོད། ཚོགས་པ་དེའི་རྒྱལ་སྤྱི་མཉམ་ལས་པུའི་གཙོ་གཉེར་བ་ཁེ་ལའོ་ཏི་ཡ·ཏེ་ལེར་གྱིས་འདི་ག་ཚགས་པར་གྱི་གསར་འགོད་པར་མིག་སྔར་ཚོགས་པ་དེའི་བརྙན་འཕྲིན་དང་དྲ་ཐོག་ཐད་གཏོང་ལས་སྟེགས་ཐོག་བསྟན་པའི་ཀྲུང་གོའི་གློག་བརྙན་བརྙན་འཕྲིན་མང་པོ་ཞིག་ལ་གྲུབ་འབྲས་ཐོབ་ཡོད། “པར་ཙིར་གྱི་དམངས་ཚོགས་ཀྱིས་ཀྲུང་གོའི་གློག་བརྙན་བརྙན་འཕྲིན་བརྩམས་ཆོས་ལ་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད་པས་ང་ཚོས་བརྩམས་ཆོས་དེ་བས་མང་བ་འདོན་རྒྱུའི་རེ་བ་བྱེད་ཀྱི་ཡོད། ང་ཚོས་རོགས་ཟླ་ཀྲུང་གོ་བ་དང་མཉམ་ལས་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་ཀྲུང་གོའི་གློག་བརྙན་བརྙན་འཕྲིན་བརྩམས་ཆོས་དེ་བས་མང་བ་པར་ཙིར་དུ་སྟོན་རྒྱུར་སྐུལ་འདེད་གཏོང་གི་ཡིན”ཞེས་བརྗོད།

(མཚམས་གཅོད་ཀྱིས་བསྒྱུར། བསོད་བདེ་ཆེ་བས་ཞུས)