↑ ཉེ་ཆར་ཁ་ན་ཏའི་གྲོང་ཁྱེར་ཏོ་ལུན་ཏོར་2024ལོའི་རྒྱལ་སྤྱིའི་གྲུ་ཤན་འབྲུག་མགོ་མའི་དུས་ཆེན་བཏང་བར་འགྲན་བསྡུར་ནང་ཞུགས་མཁན་སྟོང་ཕྲག་གི་ཡིད་དབང་བཀུག་ཡོད་ཅིང་། འདི་ནི་འགྲན་བསྡུར་ནང་ཞུགས་མཁན་གྱིས་ཏོ་ལུན་ཏོའི་རྒྱལ་སྤྱིའི་གྲུ་ཤན་འབྲུག་མགོ་མའི་དུས་ཆེན་ཐོག་འགྲན་བསྡུར་བྱེད་བཞིན་པ།
↑ “རྒྱ་སྐད་སྦྲེལ་ཟམ”གྱི་རྒྱ་ཡིག་འགྲན་བསྡུར་ལོ་སི་དང་། དབྱི་རན། འབར་མ། ཙན་པི་ཡ། པོ་ཚི་ཝ་ན་བཅས་སུ་སོ་སོར་བྱེད་བཞིན་ཡོད་ཅིང་། འདི་ནི་ཉེ་དུས་འབར་མའི་རང་ཀོང་དུ་སློབ་མ་ཞིག་གིས“རྒྱ་སྐད་སྦྲེལ་ཟམ”གྱི་རྒྱ་ཡིག་འགྲན་བསྡུར་རང་ཀོང་འགྲན་ཁུལ་དུ་ཞུགས་བཞིན་པ།
↑ ཉེ་ཆར་2024ལོའི་ཀྲུང་གོའི་མཐོ་རིམ་སློབ་གསོའི་འགྲེམས་སྟོན་ནེ་པ་ལའི་རྒྱལ་ས་ཀ་ཏ་མན་རྡུར་གཉེར་ཞིང་། ཀྲུང་གོའི་མཐོ་སློབ་31འགྲེམས་སྟོན་ནང་ཞུགས་པ་དང་མཐོ་སློབ་ཁག་གི་འགྲེམས་སྟེགས་ཀྱིས་ནེ་པ་ལའི་སློབ་མ་དང་ཁྱིམ་བདག་མི་ཉུང་བ་ཞིག་གི་བློ་འདྲི་སྤེལ་རེས་བྱེད་པའི་ཡིད་དབང་བཀུག་ཅིང་། འདི་ནི་ནེ་པ་ལའི་སློབ་མ་དང་ཀྲུང་གོའི་མཐོ་སློབ་ཀྱི་འཐུས་མིའི་དབར་སྤེལ་རེས་བྱེད་བཞིན་པ།
↑ ཆིང་ཏའོ་ནུབ་མཚོའི་ཁུལ་གསར་ཀྲུང་ལུགས་གསོ་རིག་སྨན་ཁང་གིས་ཆིང་ཏའོ་སློབ་ཆེན་དང་། ཧྲན་ཏུང་ཚན་རྩལ་སློབ་ཆེན། ཀྲུང་གོ་རྡོ་སྣུམ་སློབ་ཆེན་བཅས་དང་མཉམ་དུ་རྒྱལ་སྤྱིའི་སློབ་མའི་ཀྲུང་ལུགས་གསོ་རིག་མྱོང་རོལ་རྟེན་གཞི་བཙུགས་པ་དང་། རྟེན་གཞི་དེ་བཙུགས་ནས་ལོ་དྲུག་རིང་ཕྱི་སྦྱོང་སློབ་མ་600ལྷག་ཙམ་ལ་སྣེ་ལེན་ཞུས་ཤིང་། འདི་ནི་ཆིང་ཏའོ་ནུབ་མཚོའི་ཁུལ་གསར་གྱི་ཀྲུང་ལུགས་གསོ་རིག་སྨན་ཁང་དུ་ཆིང་ཏའོ་སློབ་ཆེན་རྒྱལ་སྤྱིའི་སློབ་གསོ་སློབ་གླིང་གི་ཕྱི་སྦྱོང་སློབ་མས་སྨན་རིལ་བཟོ་སྟངས་སྦྱོང་བཞིན་པ།