《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年06月25日

ལྷ་སའི་ཞིང་འབྲོག་པའི་ལུས་རྩལ་འགྲན་ཚོགས་སྐབས་དང་པོ་འགོ་ཚུགས་པ།

ཟླ་6ཚེས་22ཉིན། ལྷ་སའི་ཞིང་འབྲོག་པའི་ལུས་རྩལ་འགྲན་ཚོགས་སྐབས་དང་པོ་ལྷ་ས་གྲོང་ཁྱེར་མང་ཚོགས་རིག་གནས་ལུས་རྩལ་ལྟེ་གནས་སུ་འགོ་ཚུགས་ཤིང་། གྲོང་ཁྱེར་ཡོངས་ཀྱི་རྫོང(ཆུས)དང་བྱེད་ནུས་གླིང་ཁུལ་ཁག་ནས་ཡོང་བའི་འཐུས་མིའི་རུ་ཁག་11གི་ལུས་རྩལ་པ་500ལྷག་ཙམ་འགྲན་བསྡུར་ལ་ཞུགས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་ལུས་རྩལ་འགྲན་ཚོགས་ཀྱི་དུས་ཡུན་ཉིན་5ཡིན་པ་དང་། རྩལ་འགྲན་རྣམ་གྲངས་དང་མི་རིགས་ཀྱི་སྲོལ་རྒྱུན་དང་སྤྲོ་སྣང་དོད་པའི་རྣམ་གྲངས་རིགས་ཆེན་པོ་གཉིས་སུ་དབྱེ་ཡོད་པའི་ནང་གཉའ་ཐག་འཐེན་པ་དང་། འུར་རྡོ་འགྲན་བསྡུར། གཡག་རྒྱུག་འགྲན་བསྡུར། རྒྱལ་པོ་མགོ་གཉིས། ཤོ་རྩེད་སོགས་འགྲན་བསྡུར་རྣམ་གྲངས་19ཚུད་ཡོད། འདི་ནི་འགོ་ཚུགས་མཛད་སྒོ་འཚོགས་ཡུལ་ཡིན་པ།

འདི་ནི་སྟོད་ལུང་བདེ་ཆེན་ཆུས་འཐུས་མིའི་རུ་ཁག་གི་ལུས་རྩལ་པ་འགྲན་རར་འཛུལ་བཞིན་པ།

འདི་ནི་ལུས་རྩལ་པའི་འཐུས་མིས་དམ་བཅའ་འཇོག་བཞིན་པ།