ཉེ་ཆར། ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་ཉི་མ་ལྕང་རྭ་ཤང་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་སྦྲང་མདའ་གྲོང་ཚོའི་ཞིང་ནང་དང་མུ་ཁར་བསྐྱོད་དེ་ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད། མི་དམངས་ཉེན་རྟོག་པས་གོ་བདེ་ཤེས་སླའི་སྐད་ཆར་བརྟེན་ནས་གྲོང་མིར་མེ་ཟོན་དང་། རྐུན་འགོག ཁ་བསླུས་སྔོན་འགོག ཞིང་འཕྲུལ་གྱི་ལས་འཛོལ་སྔོན་འགོག་སོགས་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་བདེ་འཇཌ་ཀྱི་ཤེས་བྱ་སྣ་ཚོཌ་ཕྱོགས་ཡོངས་ནས་ཁབ་གདལ་བཏང་ཞིང་། འདི་ནི་ཞིང་ནང་དང་མུ་ཁར་ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་སྒོ་སྤེལ་བཞིན་པ།