མེ་ཟོན་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གཅིག་སྡུད་སེལ་བའི་འགག་སྒྲོལ་བཅོས་སྒྲིག་ཆེན་པོའི་བྱ་སྤྱོད་སྤེལ་ཚུན། སྦྲ་ཆེན་རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱིས་ཁོངས་གཏོགས་ཁུལ་གྱི་མེ་ཟོན་དང་བླངས་པ་སྐུལ་སློང་རྒྱ་ཁྱབ་བྱས་ཏེ། འཚོ་བ་དང་། མང་ཚོགས། དོན་དངོས་བཅས་དང་འབྲེལ་བ་དམ་ཟབ་ཡོད་པའི་མེ་ཟོན་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་དང་། “སྔོན་འགོག་གཙོ་བོར་འཇོག་པ་དང་ཚེ་སྲོག་གོང་དུ་བཀུར”བའི་ཁོར་ཡུག་བསྐྲུན་ནས་མེ་ཟོན་དྲིལ་བསྒྲགས་ལས་དོན་ལ་རམ་འདེགས་བྱས་པ་རེད།
འདི་ནི་མེ་ཟོན་དང་བླངས་པས་མང་ཚོགས་ལ་མེ་ཟོན་ཤེས་བྱ་འགྲེལ་བཤད་རྒྱག་བཞིན་པ།