འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཚོང་དོན་པུའུ་སོགས་སྡེ་ཚན་9ཡིས་མཉམ་དུ《2024ལོའི་ཁྱིམ་ལས་ཞིང་དར་བྱ་སྤྱོད་ཀྱི་ལས་ཀའི་ཇུས་གཞི》བཀྲམ་ནས་ཞིབ་ཕྲའི་བྱེད་ཐབས་ཁག་25བཏོན་པ་རེད།
མཁོ་སྤྲོད་འབྲེལ་མཐུད་ལ་སྐུལ་འདེད་གཏོང་དགོས་ཤིང་། འཚོ་བའི་ཞབས་ཞུའི་ཐད་ཀྱི་ལས་མི་བསྡུ་བའི་དུས་ཚིགས་དང་ཁྱིམ་ལས་ཞབས་ཞུ་བའི་རྩལ་ནུས་རིམ་སྤོར་བྱེད་སྒོ་སྤེལ་བ་དང་། ཁྱིམ་ལས་ངལ་ནུས་མུ་མཐུད་འབྲེལ་མཐུད་བྱས་ནས་ཁྱིམ་ལས་ཁེ་ལས་ཀྱི་ལས་མི་བཀོལ་སྤྱོད་ཀྱི་དགོས་མཁོར་དམིགས་ཏེ་མངགས་ཐོ་རྣམ་པའི་གསོ་སྦྱོང་བྱས་ནས་ཁྱིམ་ལས་ངལ་ནུས་ཕྱིར་གཏོང་དོ་དམ་ཆུ་ཚད་མཐོ་རུ་གཏོང་དགོས།
སྤུས་རྟགས་སྐྱེད་སྲིང་ལ་ཤུགས་སྣོན་རྒྱག་དགོས་ཤིང་། ཁྱིམ་ལས་ཞིང་དར་གྱི་ཁྱད་ལྡན་ངལ་ནུས་སྤུས་རྟགས་སྐྱེད་སྲིང་བྱས་ནས་རྩ་འཛུཊ་ཅན་དང་། ཚད་ལྡན་ཅན། གཞི་ཁྱོན་ཅན་བཅས་ཀྱི་ཆུ་ཚད་མཐོ་རུ་བཏང་སྟེ། ཁྱིམ་ལས་ཞབས་ཞུའི་ལས་རིགས་ཀྱི་ལས་མིའི་ཡོང་འབབ་མང་དུ་གཏོང་དགོས།
རོགས་སྐྱོར་བྱེད་ཤུཌ་ཆེ་རུ་གཏོང་དགོས་ཤིང་། དབུལ་སྒྲོལ་མི་འབོར་ཁྱིམ་ལས་ངལ་ནུས་སྤུས་རྟགས་བརྒྱུད་ལས་ཞུགས་ཐུབ་པར་རོགས་རམ་དང་ཞིང་ཆེན་བརྒལ་ནས་ཁྱིམ་ལས་ཞབས་ཞུའི་ལས་རིགས་གཉེར་མཁན་གྱི་དབུལ་སྒྲོལ་མི་འབོར་ལ་ཐེངས་གཅིག་རང་བཞིན་གྱི་འགྲིམ་འགྲུལ་ཁ་གསབ་མུ་མཐུད་སྤྲོད་དགོས། འགན་བཅོལ་སྒྲིག་གཞིས་ཁྱིམ་ལས་ཞབས་ཞུའི་འབྲེལ་ཡོད་འགན་བཅོལ་ལས་སྒོ་སྤེལ་བར་ཁྲིད་སྟོན་བྱས་ཏེ་འགན་སྲུང་དང་འགན་འཁྲིའི་ཁྱབ་ཁོངས་འཐུས་སྒོ་ཚང་དུ་བཏང་ནས་ཁྱིམ་ལས་ཁེ་ལས་དང་། ཞབས་ཞུ་བ། འཛད་སྤྱོད་པ་བཅས་ཀྱི་ཉེན་ཁར་འགན་སྲུང་བྱེད་པའི་དགོས་མཁོ་སྐོང་དགོས།
རྒྱབ་སྐྱོར་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་དགོས་ཤིང་། ས་གནས་ཀྱིས་ཆ་རྐྱེན་དང་མཐུན་པའི་གྲོང་ཁྱེར་དུ་ཡོང་བའི་ཁྱིམ་ལས་ཞབས་ཞུ་བ་རྣམས་བོགས་གཏོང་གཞུང་ཁང་དང་འགན་སྲུང་རང་བཞིན་གྱི་བོགས་གཏོང་སྡོད་ཁང་གི་འགན་སྲུང་ཁྱབ་ཁོངས་སུ་འཇུག་རྒྱུར་མཛུབ་ཁྲིད་བྱེད་དགོས། གནས་སྡོད་ལག་ཁྱེར་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་སྟེ་གྲོང་ཁྱེར་དུ་ཡོང་བའི་ཁྱིམ་ལས་ཞབས་ཞུ་བ་ལས་ཞུགས་བྱ་ཡུལ་གྱི་སྤྱི་ཚོགས་ནང་མཉམ་འདྲེས་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས།
འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་སུ་གཏོང་དགོས་ཤིང་། ཁྱིམ་ལས་ཀྱི་ཡིད་རྟོན་མ་ལག་འཛུཊ་མགྱོགས་སུ་གཏོང་བ་དང་། ཁྱིམ་ལས་ཞབས་ཞུ་བའི་ཡིད་རྟོན་རིམ་པར་དཔྱད་བསྡུར་དང་ཨང་རྟགས་སྤྲོད་རྒྱུར་སྐུལ་འདེད་གཏོང་བ། གློག་རྡུལ་པར་མའི“ཁྱིམ་སྡོད་ཞབས་ཞུའི་ལག་ཁྱེར”འཚོལ་ཞིབ་དང་ཁྱབ་གདལ་བཏང་ནས་བློ་བདེ་བའི་འཛད་སྤྱོད་ཁོར་ཡུག་སྐྲུན་དགོས་པ་སོགས་རེད།