《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年06月18日

མལ་གྲོ་གུང་དཀར་རྫོང་གིས།

“ཁྲིམས་ལུགས་དང་མཉམ་དུ་འགྲོགས”ཞེས་པའི་ལད་མོའི་ཁྲིམས་རའི་བྱེད་སྒོ་སྤེལ་བ།

འདི་ནི“བཅའ་ཁྲིམས་དང་མཉམ་དུ་འགྲོགས”ཞེས་པའི་ལད་མོའི་ཁྲིམས་རའི་བྱེད་སྒོ་སྤེལ་ཡུལ་ཡིན་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། གུང་གཞོན་སྡེ་ཚོགས་མལ་གྲོ་གུང་གུང་དཀར་རྫོང་ཨུ་ཡོན་ལྷན་ཁང་གིས་རྫོང་ཁྲིམས་ཁང་དང་མཉམ་དུ་མལ་གྲོ་གུང་དཀར་རྫོང་གི་2024ལོའི“ཁྲིམས་ལུགས་དང་མཉམ་དུ་འགྲོགས”ཞེས་པའི་ལད་མོའི་ཁྲིམས་རའི་བྱེད་སྒོ་སྤེལ་བ་རེད། རྫོང་སློབ་འབྲིང་གི་དགེ་སློབ་འཐུས་མི་40ལྷག་ཙམ་བྱེད་སྒོར་ཞུགས་ནས་འདྲི་གཅོད་ལས་དོན“བར་ཐག་ཉེ་པོས”ཚོར་བ་དང་བཅའ་ཁྲིམས་ཀྱི་ཟིལ་ཤུགས་དང་བླ་ན་མེད་པ་ཉམས་ལེན་བྱས་ཡོད།

བྱེད་སྒོ་སྤེལ་ཡུལ་དུ་ཁྲིམས་དཔོན་གྱིས་ལད་མོའི་ཁྲིམས་རའི་བྱེད་སྒོར་ཞུགས་པའི་སློབ་གྲོགས་ཚོའི་གཟེངས་སུ་ཐོན་པའི་རྣམ་འགྱུར་ལ་ཁས་ལེན་གང་ལེགས་བྱས་པ་དང་འབྲེལ། དེ་གར་ཡོད་པའི་དགེ་སློབ་ཚོར་འབྲེལ་ཡོད་བཅའ་ཁྲིམས་ཤེས་བྱ་ཁྱབ་གདལ་བཏང་ནས་གཞོན་ནུ་ལོ་ཆུང་ལ་ཁྲིམས་ཤེས་པ་དང་། ཁྲིམས་སྦྱོང་བ། ཁྲིམས་རྟོགས་པ་བཅས་བྱས་ཏེ་ཁྲིམས་སྲུང་གི་སྤྱི་དམངས་བཟང་པོ་ཞིག་ཧུར་ཐག་བྱེད་དགོས་པའི་ཁྲིད་སྟོན་ཀྱང་བྱས་པ་རེད། བྱེད་སྒོར་ཞུགས་མཁན་སློབ་མ་བསྟན་འཛིན་ལྷ་མོས“ད་ཐེངས་ཀྱི་བྱེད་སྒོ་བརྒྱུད་ངས་ཁྲིམས་རའི་འདྲི་གཅོད་ཀྱི་རྔམ་བརྗིད་ལྡན་པའི་རྣམ་པ་ཤེས་བྱུང་ལ། བཅའ་ཁྲིམས་ཀྱི་གལ་ཆེའི་རང་བཞིན་ཡང་ཚོར་བྱུང་། ལྷག་པར་དུ་ཁྲིམས་དཔོན་གྱིས་འགྲེལ་བཤད་བརྒྱབ་པ་བརྒྱུད་བཅའ་ཁྲིམས་ནི་ང་ཚོའི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པ་སྔར་བས་ཤེས་རྟོགས་ཐུབ་བྱུང་། སླད་ཕྱིན་གྱི་སློབ་སྦྱོང་དང་འཚོ་བའི་ཁྲོད་ངས་རང་ཉིད་ནས་འགོ་བཙུགས་ཏེ་བཅའ་ཁྲིམས་དང་མཉམ་དུ་འགྲོགས་པ་དང་བཅའ་ཁྲིམས་ལ་བརྩི་སྲུང་ཞུ་གི་ཡིན”ཞེས་བཤད་བྱུང་། (བདེ་དབང་དང་སྒྲོན་ལགས་ཀྱིས་སྒྱུར་ཞུས་བྱས)