འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། སྨན་གླིང་གྲོང་ཁྱེར་སྤྱི་བདེ་ཅུས་དུང་མཚོ་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པས་སྐོར་གཡེང་བྱེད་རིང་། རླངས་འཁོར་དཀར་པོ་ཞིག་གི་འགྲམ་ནས་བརྒྱུད་འགྲོ་སྐབས་རླངས་འཁོར་ནང་ནས་ཕྲུ་གུ་དམར་འབྱར་གྱི་ངུ་སྐད་ཐོས། མི་དམངས་ཉེན་རྟོག་པས་འཕྲལ་དུ་མདུན་དུ་སོང་ནས་ལྟ་སྐབས་ཕྲུ་གུ་དམར་འབྱར་ཞིག་འཁོར་ཟྭ་བརྒྱབ་པའི་རླངས་འཁོར་གྱི་རྐུབ་སྟེགས་ཐོག་བསྙལ་ནས་བཞག་ཡོད་པ་དང་། རྔུལ་ཆུ་མང་པོ་དོན་ཅིང་ངོ་གདོང་དམར་པོར་གྱུར་ནས་ཚད་མེད་ངུ་བཞིན་ཡོད་པ་མཐོང་།
གནམ་གཤིས་ཚ་བ་ཧ་ཅང་ཆེ་བའི་ཁར་རླངས་འཁོར་ནང་རླུང་འགྲོ་ཡག་པོ་མེད་པས། མི་དམངས་ཉེན་རྟོག་པས་ཕྲུ་གུའི་ནང་མི་མ་རྙེད་སྟབས། འཕྲལ་མར་རོགས་སྐྱོབ་བྱེད་འགོ་བཙུགས།
རོགས་སྐྱོབ་བྱེད་སྐབས་དུས་ཚོད་སྐར་ཆ་ཙམ་ཡང་འཕྲོ་བརླག་མ་བཏང་བར་བརྩོན་ལེན་བྱས་ཀྱང་། རླངས་འཁོར་སྒེའུ་ཁུང་གི་སྲུབས་ཀ་ཆུང་དྲགས་པས་མི་དམངས་ཉེན་རྟོག་པའི་མཐོང་རྒྱ་ཆུང་བ་དང་བྱེད་སྤྱོད་ལ་ཚོད་འཛིན་ཐེབས་ནས་རོགས་སྐྱོབ་བྱེད་ཁག་ཏུ་སོང་། སྐབས་དེར་རླངས་འཁོར་ནང་གི་ཕྲུ་གུ་དམར་འབྱར་གྱི་ངུ་སྒྲ་ཡང་ཆུང་དུ་ཕྱིན་པས་གནས་ཚུལ་ཧ་ཅང་ཛ་དྲག་པོ་ཡོད་པ་རེད། འགག་རྩའི་དུས་སུ“ཧྲག”ཞེས་འཁོར་ཟྭ་ཕྱེ་ནས་རླངས་འཁོར་གྱི་སྒོ་ཕྱེ་ཐུབ་པ་རེད།
ཕྲུ་གུ་དམར་འབྱར་ལམ་སེང་བསིལ་གྲིབ་དང་རླུང་འགྲོ་ཡག་པའི་གནས་སུ་སྤོས་པ་དང་ཕྲུ་གུར་རྨས་སྐྱོན་ཕོག་མེད་པ་དང་རིག་པ་གསལ་པོ་ཡོད་པ་རེད།