ན་ནིང་གྲོ་མོ་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱི་
ལས་དོན་ཁག་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ།
འདི་ག་ཚགས་པར་ཁང་དུ་གྲོ་མོ་ནས་གློག་འཕྲིན་འབྱོར་གསལ། གྲོ་མོ་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱིས་བོད་ལྗོངས་མཐའ་སྲུང་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཏང་ཨུད་ཀྱི་འགོ་ཁྲིད་འོག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་གྱིས་འགོ་རྩོམ་འགག་བརྟོལ་བྱས་ཤིང་། འགན་འཁྲི་གཙོ་བོ་དང་ལས་སྒོ་གཙོ་བོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འགག་རྩའི་ལྷུ་ཚིགས་དང་། དཔུང་ཁག་འཛུགས་སྐྱོང་འཕེལ་རྒྱས་ཀྱི་འགག་རྩའི་གནད་དོན། མཐའ་མཚམས་བརྟན་ལྷིང་ལ་སྲུང་སྐྱོང་དང་ས་གནས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་འགག་རྩའི་རྒྱུ་རྐྱེན་བཅས་ལ་དམིགས་ཏེ་ནུས་ཤུགས་ཡོད་རྒུས་བདེ་འཇགས་ལ་འགན་ལེན་དང་། འཕེལ་རྒྱས་དོན་གཉེར། རྨང་གཞི་བརྟན་དུ་གཏོང་བ། ཞན་ཆ་སེལ་བ་བཅས་བྱས་པས་ལས་དོན་ཁག་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། (སྤེན་ཚེས་བསྒྱུར། སྤེན་ཚེ་དང་དབང་སྒྲོན་སྐྱིད་ཀྱིས་ཞུས)
འདི་ནི་གྲོ་མོ་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པ་སློབ་གྲྭར་བསྐྱོད་དེ་སློབ་མ་དང་སྤེལ་རེས་བྱེད་བཞིན་པ།
འདི་ནི་གྲོ་མོ་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པས་མང་ཚོགས་ལ་རྒྱལ་ཁབ་ཀྱི་བདེ་འཇགས་བཅའ་ཁྲིམས་འགྲེལ་བཤད་རྒྱག་བཞིན་པ།
འདི་ནི་གྲོ་མོ་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པས་མང་ཚོགས་ལ་དྲིལ་བསྒྲགས་ལག་དེབ་སྤྲོད་བཞིན་པ།
འདི་ནི་གྲོ་མོ་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པས་གྲོགས་པོ་ཆུང་ཆུང་ཚོ་དང་མཉམ་དུ་བྱིས་པའི་དུས་ཆེན་གཏོང་བཞིན་པ།