《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年06月18日

ལྷ་སའི་མཐོ་གསར་ཁུལ་གྱིས།

བཟའ་བཅའི་བདེ་འཇགས་ཀྱི་འགན་འཁྲིའི་འགན་བཅོལ་དོན་འཁྱོལ་ལ་སྐུལ་འདེད་བཏང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། འདི་ལོ་ཚུན་དུ་ལྷ་ས་མཐོ་གསར་ཁུལ(སྣེའུ་ཁུལ་གསར)བཟའ་བཅའ་བདེ་འཇགས་གཞུང་ལས་ཁང་གིས་དོན་དངོས་ལ་གཞི་ཚུགས་ནས“སྲིད་གཞུང་གིས་ཁྲིད་སྟོན+ཁེ་ལས་ཞུགས་པ+ཁྲོམ་ར་ཅན་གྱིས་གཉེར་སྐྱོང”བཅས་ཀྱི་བྱེད་ཐབས་ལ་བརྟེན་ནས་བཟའ་བཅའི་བདེ་འཇགས་ཀྱི་འགན་འཁྲིའི་འགན་བཅོལ་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་རེད།

བཟའ་བཅའི་བདེ་འཇགས་ཀྱི་འགན་འཁྲིའི་འགན་བཅོལ་གྱིས་བཟའ་བཅའ་ཐོན་སྐྱེད་བྱེད་མཁན་ལ་ཉེན་ཁ་འཁུར་རོགས་བྱེད་པ་མ་ཟད། འཛད་སྤྱོད་པར་ཁེ་དབང་འགན་ལེན་ཡང་བྱེད་ཀྱི་ཡོད། འགན་བཅོལ་རིང་ངམ་ཡང་ན་འགན་བཅོལ་འཛིན་ཤོག་ནང་གསལ་པོ་བཀོད་པའི་ཁུངས་འདེད་དུས་ཡུན་ནང་འགན་བཅོལ་ལེན་ཡུལ་ལ་ཐོན་སྐྱེད་ལས་གཉེར་བྱ་ཡུལ་དུ་ཟས་དུག་ཕོག་པའམ་ཡང་ན་ཟས་སྤྱོད་ལོག་པའི་ནད་གཞན་བྱུང་བ། ཡང་ན་བཟའ་བཅའི་ནང་དངོས་པོ་གཞན་བསྲེས་ནས་འཛད་སྤྱོད་པ་ཤི་རྨས་དང་རྒྱུ་ནོར་གྱི་གྱོང་གུན་ཉེན་ཁ་བཅས་ཀྱི་འགན་འཁྲི་འཁུར་གྱི་ཡོད་པ་མ་ཟད། ཚོང་གཉེར་བྱ་ཡུལ་གྱི་ཁྱབ་ཁོངས་ནང་མེ་སྐྱོན་འབར་གས་དང་། ཚོང་གཉེར་བྱ་ཡུལ་དང་འབྲེལ་ཡོད་སྒྲིག་ཆས་སྲུང་སྐྱོང་དང་ཉམས་བཟོ་ཡག་པོ་མ་བྱུང་བའམ། ལས་མིས་ཡིད་གཟབ་མ་བྱས་པའི་རྐྱེན་གྱིས་འཛད་སྤྱོད་པར་གྱོང་གུན་བཟོས་པའི་ཉེན་ཁ་འགན་བཅོལ་བྱེད་ཤུགས་ཆེ་རུ་ཕྱིན་ནས་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་གི“ཕུག”ལྟ་བུར་གྱུར་ཡོད།

མིག་སྔའི་བར་མཐོ་གསར་ཁུལ་གྱི་ཞིང་ཞོར་ཐོན་ཟོག་ཁྲོམ་རའི་གཉེར་སྐྱོང་བྱེད་པོ་38གིས་འགན་བཅོལ་ཉོས་ཡོད་པ་དང་། གཉེར་སྐྱོང་བྱེད་པོར་རག་པའི་འགན་ལེན་ནི་ལས་འཛོལ་རེར་འགན་འཁྲིའི་ཚད་བཀག་སྒོར་ཁྲི་60དང་། དོན་རྐྱེན་རེར་མི་རེར་འགན་འཁྲིའི་ཚད་བཀག་སྒོར་ཁྲི་30དང་རིམ་རྩིས་བྱས་ན་འགན་འཁྲིའི་ཚད་བཀག་སྒོར་ཁྲི་60ཟིན་གྱི་ཡོད་པ་དང་། མི་རེར་བསམ་ཡུལ་ལས་འདས་པའི་གནོད་འཚེ་ཕོག་པའི་སྨན་བཅོས་འགྲོ་གྲོན་སྒོར་ཁྲི་3ཡིན་པ་རེད།