འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། སྐྱིད་གྲོང་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱིས་སྐྱིད་གྲོང་འགག་སྒོའི་སྨན་ཁང་གི་སྨན་པ་གདན་དྲངས་ནས“འོས་འགན་སྨན་བཅོས་བྱས་ནས་བདེ་ཐང་སྲུང་། གཅེས་སེམས་བཅངས་ནས་ཉེན་རྟོག་སེམས་པ་དྲོས”ཞེས་པའི་བརྗོད་དོན་གཙོ་བོའི་འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་ནས་འཐབ་ས་དང་པོའི་མཐའ་སྲུང་མི་དམངས་ཉེན་རྟོག་པའི་ནད་གཞི་ལྟ་དཀའ་བ་དང་སྨན་བཅོས་བྱེད་དཀའ་བའི་གནད་དོན་ཐག་གཅོད་བྱས་པ་རེད།
བྱེད་སྒོ་སྤེལ་ཉིན། སྐྱིད་གྲོང་འགག་སྒོའི་སྨན་ཁང་གིས་མངགས་པའི་སྨན་བཅོས་ཚོགས་པའི་སྨན་པ་6གིས་ཁྲག་ཤེད་ལྟ་ཆས་སོགས་སྨན་བཅོས་སྒྲིག་ཆས་ཁྱེར་ཏེ། མཐའ་སྲུང་མི་དམངས་ཉེན་རྟོག་པར་གཟུགས་པོ་བརྟག་དཔྱད་དང་སྨན་བཅོས་བྱས་པ་རེད།
འདི་ནི་མཐའ་སྲུང་མི་དམངས་ཉེན་རྟོག་པས་སྨན་པར་མིག་ཤེད་སྐོར་སྐད་ཆ་འདྲི་བཞིན་པ།