《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年06月18日

ཆབ་མདོ་གྲོང་ཁྱེར་གྱི་ཁྲིམས་ཁང་ཡོངས་ཀྱིས།

རྒན་རྒོན་སྲུང་སྐྱོང་གི་སྲུང་བཅད་བརྟན་པོ་བསྐྲུན་ནས་ནུས་ཤུགས་ཡོད་རྒུས“ནུབ་ཁའི་ཉི་མ”སྲུང་སྐྱོང་བྱས་པ།

འདི་ག་ཚགས་པར་ཁང་དུ་ཆབ་མདོ་ནས་གློག་འཕྲིན་འབྱོར་གསལ། ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་གྱི་ཁྲིམས་ཁང་ཡོངས་ཀྱིས་རྒན་རྒོན་གྱི་ཁེ་དབང་འགན་ལེན་ལས་དོན་ལ་དམིགས་ཏེ་ཁྲིམས་འཛིན་འདྲི་གཅོད་ཀྱི་དོན་དངོས་ལ་གཞིས་ཚུགས་ནས། རྒན་རྒོན་གྱི་ཁེ་དབང་འགན་ལེན་གྱི་ཁྲིམས་འཛིན་ཐབས་ལམ་འཚོལ་ཞིབ་ཧུར་ཐག་བྱས་པ་དང་། རྒན་རྒོན་སྲུང་སྐྱོང་གི་སྲུང་ཡོལ་བརྟན་པོ་བསྐྲུན་ཏེ་ནུས་ཤུགས་ཡོད་རྒུས“ནུབ་ཁའི་ཉི་མ”སྲུང་སྐྱོང་བྱས་པ་རེད།

དེའང་ཉེས་དོན་འདྲི་གཅོད་ཀྱི་འགན་ནུས་གང་ལེགས་བཏོན་ནས་རྒན་རྒོན་ལ་མནར་གཅོད་གཏོང་བ་དང་རྒན་རྒོན་ལ་ལྟ་རྟོག་མི་བྱེད་པའི་ཉེས་དོན་འགན་འཁྲི་བདའ་འདེད་ནན་པོ་བཏང་བ་དང་། རྒན་རྒོན་གྱི་ཚེ་སྲོག་བདེ་ཐང་དབང་ཆར་གནོད་འཚེ་གཏོང་རིགས་ཏེ་རྐང་བཙུགས་ནས་མི་གསོད་པ་དང་རྐང་བཙུཌ་ནས་གནོད་འཚེ་གཏོང་བའི་གྱོད་དོན་ལ་ཁྲིམས་ལྟར་ཆད་པ་ནན་པོ་བཅད་པ་རེད།

གཞན་ཡང“མངགས་ཐོ་རྣམ་པའི”བཅའ་ཁྲིམས་ཁྱབ་གདལ་དང་ཟུང་འབྲེལ་གྱིས་དུས་བཀག་ལྟར་ཆེད་ལས་ཁྲིམས་དཔོན་སྒྲིག་འཛུགས་བྱས་ནས་གྲོང་ཚོ་ཨུ་ལྷན་དང་། རྒན་གསོ་ཁང་། ཆ་སྒྲིག་རོགས་སྐྱོར་སྡེ་ཁུལ་བཅས་སུ་བསྐྱོད་དེ། 《རྒན་རྒོན་གྱི་ཁེ་དབང་འགན་སྲུང་གི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》དང《བོད་རང་སྐྱོང་ལྗོངས་ཀྱི〈རྒན་རྒོན་གྱི་ཁེ་དབང་འགན་སྲུང་གི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས〉ལག་ལེན་བསྟར་ཐབས》དང་དེ་བཞིན“གྱོད་དཔེ་དྲངས་ནས་ཁྲིམས་ཤོད་པ”དང“ཉེན་ཟོན་སློབ་གསོ”བརྒྱུད་རྒན་གསོའི་ཁ་བསླུས་འགོག་ཟོན་གྱི་དྲིལ་བསྒྲགས་ཕན་འབྲས་ཆེ་རུ་བཏང་ཡོད།