འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། “ཁྱིམ་ཚང་དང་། སློབ་གྲྭ སྤྱི་ཚོཌ། དྲ་རྒྱ། སྲིད་གཞུང་། ཁྲིམས་འཛིན”བཅས་སྲུང་སྐྱོང་ཆེན་པོ་དྲུག་གི་མཉམ་འདྲེས་ཤུགས་འདོན་ལ་སྔར་བས་སྐུལ་འདེད་བཏང་ནས་སྤྱི་ཚོགས་ཡོངས་སུ་ན་སོ་དར་ལ་མ་བབས་པའི་མི་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་མཉམ་དུ་སྲུང་སྐྱོང་བྱེད་པའི་ཁོར་ཡུག་བཟང་པོ་ཞིག་ཆགས་པར་སྐུལ་འདེད་གཏོང་ཆེད། ཉེ་དུས། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གིས་ལྗོངས་སློབ་གསོ་ཐིང་དང་མཉམ་དུ“བྱ་སྤྱོད་མཉམ་སྤེལ། འཚར་ལོངས་མཉམ་སྲུང”བརྗོད་བྱ་གཙོ་བོར་བྱས་པའི་ཞིབ་དཔྱོད་སྒོ་དབྱེའི་ཉིན་མོའི་བྱེད་སྒོ་སྤེལ་བ་རེད། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའི་ཧྲུའུ་ཅི་དང་ཅན་ཁྲ་ཀྲང་ཞ་ཁེ་ཆིན་བྱེད་སྒོར་ཞུཌ་ནས་གསུང་བཤད་གནང་བ་རེད།
ཞ་ཁེ་ཆིན་གྱིས་ཞིབ་དཔྱོད་ལས་ཁུངས་ཀྱིས་ན་སོ་དར་ལ་མ་བབས་པའི་མིའི་ཉེས་གསོག་ལ་ཆད་གཅོད་མཐའ་གཅིག་ཏུ་བྱས་ནས། ན་སོ་དར་ལ་མ་བབས་པའི་མིའི་ཉེས་གསོག་ལ་གུ་ཡངས་ལས་རྒྱ་ཡན་དུ་མི་གཏོང་བ་དང་། ན་སོ་དར་ལ་མ་བབས་པའི་མིའི་ཉེས་གསོག་ལ་ཆད་གཅོད་དང་སྲུང་སྐྱོབ་མཉམ་དུ་འཛིན་པ། ན་སོ་དར་ལ་མ་བབས་པའི་མིའི་ཉེས་གསོག་སྔོན་འགོག་དང་བཅོས་སྐྱོང་ལས་དོན་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་བཅས་བྱས་ཏེ། ན་སོ་དར་ལ་མ་བབས་པའི་མི་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་མཉམ་དུ་སྲུང་སྐྱོང་བྱེད་དགོས་ཞེས་གསུངས་པ་རེད།