ང་ནི་འཇམ་ཐིང་ཐིང་དུ་ཡོང་ཡོད།
ནགས་ཁྲོད་དུ་ལྡང་བའི་སྟོན་རླུང་ཆུང་ངུ་ཞིག་ལྟར་ཡོང་ཡོད།
ང་ནི་ཁུ་སིམ་སིམ་དུ་བྲལ་ཡོད།
ཆུ་ངོས་སུ་ཐོན་པའི་ལྦུ་བ་ཆུང་ངུ་ཞིག་ལྟར་བྲལ་ཡོད།
ཁྱོད་ཀྱིས་ང་དྲན་འདོད་ན་དྲན་པར་གྱིས།
དབྱར་སྒང་གི་མཚན་མོའི་སྐར་ཆུང་ཞིག་ཡིན་སྙམ་ནས་དྲན་པར་གྱིས།
ཁྱོད་ཀྱིས་ང་བརྗེད་འདོད་ན་བརྗེད་པར་གྱིས།
དགུན་དུས་ཀྱི་རྨི་ལམ་ཐུང་ངུ་ཞིག་ཡིན་སྙམ་ནས་བརྗེད་པར་གྱིས།