《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年06月11日

མངའ་རིས་སྤྱི་བདེས་འདམ་ལ་དིམ་པའི་རླངས་ འཁོར་ཞིག་འདོན་རོགས་བྱས་པ།

སྒེར་རྩེ་རྫོང་སྤྱི་བདེ་ཅུས་དུང་མཚོ་ཤང་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་འདམ་ལ་དིམ་པའི་རླངས་འཁོར་ཞིག་འདོན་རོགས་བྱེད་བཞིན་པ། འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར་གསར་འགོད་པར་མངའ་རིས་ས་ཁུལ་སྤྱི་བདེ་ལས་ཁུངས་ནས་ཤེས་རྟོགས་བྱུང་བར། མཛེས་ལྗོངས་ཁུལ་དུ་སྐྱོད་མཁན་རླངས་འཁོར་ཞིག་ལམ་བར་དུ་འཁོར་ལོ་འདམ་དུ་དིམ་་པས་མངའ་རིས་ཉེན་རྟོག་ཕྱོགས་ཀྱིས་རོགས་སྐྱོབ་བྱས་པ་རེད། དེའང་སྒེར་རྩེ་རྫོང་སྤྱི་བདེ་ཅུས་དུང་མཚོ་ཤང་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་བཀོད་འདོམས་ལྟེ་གནས་ཀྱི་བཀའ་རྒྱ་གཞིར་བཟུང་གནས་ཚུལ་ཐོན་སར་རོགས་སྐྱོབ་ལས་དོན་སྤེལ་བར་བསྐྱོད་པ་རེད། ས་ཡུལ་དངོས་སུ་འབྱོར་རྗེས། མི་དམངས་ཉེན་རྟོག་པས་རླངས་འཁོར་འཐེན་པ་དང་། འདམ་པ་གཤོང་བ། འཁོར་བཀྱགས་རྒྱག་པ་སོགས་ཀྱི་བྱ་ཐབས་སྤྱད་དེ། ཚ་ཚ་འུར་འུར་ངང་རོགས་སྐྱོབ་ཆུ་ཚོད་4ཙམ་བྱས་པ་བརྒྱུད་མཐར་འདམ་དུ་དིམ་པའི་རླངས་འཁོར་ཕྱིར་དོན་ཐུབ་པ་བྱུང་བ་རེད།