ཧེ་ལུང་ཅང་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་ནས་གསར་འགོད་པར་ཤེས་རྟོགས་བྱུང་བར། ཉེ་ཆར་ཧེ་ལུང་ཅང་ཞིང་ཆེན་མི་སྤྱི་ཐིང་དང་། སྤྱི་བདེ་ཐིང་། ཁྲོམ་ར་ལྟ་འདོམས་ཅུས་བཅས་ཀྱིས་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ་2024ལོའི་ངལ་རྩོལ་ལས་མི་ཚད་ལྡན་སྤྱོད་པ་དང་མི་ཤུགས་ཐོན་ཁུངས་ཁྲོམ་རའི་སྒྲིག་ལམ་གཙང་སེལ་དག་ཐེར་བྱེད་པའི་ཆེད་དོན་བྱ་སྤྱོད་སྤེལ་རིང་། ངལ་རྩོལ་ལས་མི་བེད་སྤྱོད་དང་མི་ཤུགས་ཐོན་ཁུངས་ཁྲོམ་རའི་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་གནད་དོན་གཅིག་སྡུད་བཅོས་སྒྲིག་བྱས་ནས་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ལ་ཐག་གཅོད་ནན་པོ་བྱེད་པ་དང་། ཁེ་ལས་ལ་མཛུབ་ཁྲིད་བྱ་ཤུགས་ཆེ་རུ་གཏོང་བ། ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་སོགས་ནས་འགོ་བརྩམས་ཏེ་ལས་ཞུགས་ཀྱི་ཁོར་ཡུག་བཟང་པོ་ཞིག་བཏོད་ཡོད།