《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年06月04日

༄༅་། སེམས་ཅན་ཟགས་ཞེས་པའི་གཏམ་རྒྱུད་།

སྔོན་རྒན་རྒོན་གཉིས་ལ་གླང་ཞིག་ཡོད། རྐུན་མ་ཞིག་གིས་དེ་རྐུ་བར་འདོད་ནས་གདུང་མའི་སྟེང་དུ་ཡིབས་ཏེ་བསྡད། སྟག་གཅིག་གིས་ཀྱང་དེ་ཟ་བར་འདོད་ནས་གདུང་མའི་འོག་ཏུ་བསྡད།

ཡུད་ཙམ་ནས་ནམ་མཁར་སྤྲིན་ནག་འཁྲིགས་ཏེ་མུན་པ་འཐིབས་ཤིང་། ཆར་པ་འབབ་ལ་ཉེ་བ་ན། རྒན་མོ་ན་རེ། དོ་ནུབ་རྐུན་མ་མི་ཡོང་ངམ་ཞེས་བཤད་པར། རྒད་པོ་ན་རེ། གནམ་བདག་ཡོང་ཡང་མི་སྐྲག ས་བདག་ཡོང་ཡང་མི་སྐྲག ཟགས་ཡོང་ན་སྐྲག་ཅེས་ཟེར།

རྐུན་མ་དང་སྟག་གི་བསམ་པར། རྒད་པོའི་ཟེར་ལུགས་ལ་བལྟས་ན། ཟགས་ཞེས་པ་དེ་སུ་ལས་ཀྱང་འཇིགས་སུ་རུང་བ་ཞིག་ཡོད་པ་འདྲ་སྙམ་སྟེ་སྐྲག་ནས་ལུས། དེ་ནས་སྲོད་ཀྱི་མུན་པ་སངས་པ་ན། རྐུན་མས་སྟག་ཡོད་པ་མཐོང་ནས་སྐྲག་སྟེ། སྟག་གི་ལུས་སྟེང་དུ་གཅིན་པ་ཤོར། སྟག་དེས་ཀྱང་མི་དེ་མཐོང་ནས། ཟགས་ཟེར་བའི་འཇིགས་སུ་རུང་བ་དེ་སླེབས་བྱུང་སྙམ་སྟེ་ཤིན་ཏུ་སྐྲག་ནས་བྲོས་སོ།།