འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར།་གུང་གཞོན་སྡེ་ཚོགས་ཉིང་ཁྲི་གྲོང་ཨུད་ཀྱིས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་མཉམ་དུ་ཉིང་ཁྲི་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གྲྭའི་དགེ་སློབ་80ལྷག་ཙམ་སྒྲིག་འཛུགས་བྱས་ཏེ་གཞོན་ནུ་ལོ་ཆུང་གི་ལད་མོའི་ཁྲིམས་ར་འཚོགས་པ་རེད།
ཁྲིམས་ར་མ་འཚོག་གོང་། ཁྲིམས་ཁང་གི་ལས་དོན་མི་སྣས་སློབ་མ་ཚོའི་སྣེ་ཁྲིད་དེ་བཀག་ཉར་ཁང་ལ་ལྟ་སྐོར་བྱས་ནས། སློབ་མ་ཚོས་ཉེས་གསོག་དོགས་ཅན་བཙོན་འཇུག་བྱེད་རིང་གི་འཚོ་བའི་ཁོར་ཡུག་ཤེས་རྟོགས་བྱེད་བཅུག་སྟེ། སློབ་མ་ཚོས་བཅའ་ཁྲིམས་ཀྱི་ཟིལ་ཤུགས་སྔར་བས་ཚོར་ཐུབ་པ་བྱས་པ་རེད། སློབ་མ་ཚོ་རང་རང་གི་སྡོད་གནས་སུ་བསྡད་རྗེས་ཁྲིམས་དབྱུག་བརྡུངས་བ་དང་ཆབས་ཅིག་གཞོན་ནུ་ལོ་ཆུང་གི་ལད་མོའི་ཁྲིམས་ར་དངོས་སུ་འགོ་ཚུགས་པ་རེད།
ཆེད་ལས་གྱོན་ཆས་གོན་པའི་སློབ་མ་10ཡིས་སློབ་གྲྭའི་ནང་གི་བརྙས་བཅོས་ལས་ཐོན་པའི་རྐང་བཙུགས་ནས་མིར་རྨས་སྐྱོན་བཏང་བའི་གྱོད་གཞི་ཞིག་ཁྲིམས་རར་འདྲི་གཅོད་བྱས་ཤིང་། “འདྲི་གཅོད་པ་ཆེ་མོས”གོ་རིམ་ལྡན་པའི་སྒོ་ནས་ཁྲིམས་རའི་འདྲི་གཅོད་གཙོ་སྐྱོང་བྱས་པ་དང་། “གཞུང་ཕྱོགས་ཀྱི་ཁྲིམས་སྦྱོར་ཞུ་མཁན”དང“བཤེར་རྩོད་དག་འབུད་བྱེད་མཁན”ཕྱོགས་གཉིས་པོས་གྱོད་དོན་ལ་དམིགས་ནས་སྒམ་བརླིང་ངང་གསལ་བཤད་བྱས་པ་དང་། ཁྲིམས་རིའི་ནང་གི་ལྟད་མོ་བ་ཚོས་ཁྲིམས་རའི་འཁྲུག་ཆ་དོད་པའི་རྩོད་གླེང་ནན་ཏན་ངང་ཉན་ཏེ་གསོན་ཉམས་དོད་པའི་ཁྲིམས་སྐྱོང་རྣམ་པའི་སློབ་ཚན་ཞིག་འཚོགས་པ་རེད། ཁྲིམས་རའི་འདྲི་གཅོད་མཇུག་འགྲིལ་རྗེས། ཁྲིམས་ཁང་གི་ལས་དོན་མི་སྣས་སློབ་མ་ཚོར་ཁྲིམས་ཁང་གི་ལས་ཀའི་འགན་ནུས་སྐོར་ངོ་སྤྲོད་བྱས་པ་མ་ཟད། སློབ་མ་ཚོས་བཏོན་པའི་བཅའ་ཁྲིམས་སྐོར་གྱི་དྲི་བར་རེ་རེ་བཞིན་ལན་བཏབ་པས། སློབ་མ་ཚོའི་བཅའ་ཁྲིམས་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་སོང་བ་རེད།
ད་ཐེངས་ཀྱི་བྱེད་སྒོ་བརྒྱུད། གཞོན་ནུ་ལོ་ཆུང་སློབ་མའི་ཁྲིམས་སྐྱོང་གི་འདུ་ཤེས་ཟབ་ཏུ་དང་རང་ངོས་སྲུང་སྐྱོང་གི་འཇོན་ཐང་ཆེ་རུ་ཏན་ཏིག་སོང་བ་དང་ཁྲིམས་ལུགས་སློབ་སྦྱོང་གི་སྤྲོ་སྣང་འཕེལ་བ་མ་ཟད། གཞོན་ནུ་ལོ་ཆུང་གིས་རང་འགུལ་ངང་ཁྲིམས་བཀུར་དང་། ཁྲིམས་སྲུང་། ཁྲིམས་སྦྱོང་། ཁྲིམས་སྤྱོད་བཅས་བྱེད་པར་ཁྲིད་སྟོན་ཐུབ་ནས་ན་སོ་དར་ལ་མ་བབས་པའི་མིའི་ཁྲིམས་འགལ་ཉེས་གསོག་དོན་རྐྱེན་མ་ཐོན་སྔོན་འགོག་ནུས་ལྡན་ཐུབ་པ་རེད།
(ལྷག་ཚེ་དང་པ་ཕན་གྱིས་སྒྱུར་ཞུས་བྱས)