འདི་ག་ཚགས་པར་ཁང་དུ་གོང་དཀར་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། གོང་དཀར་རྫོང་མི་དམངས་ཁྲིམས་ཁང་ལྕེ་བདེ་ཞོལ་ལྟེ་བའི་མི་དམངས་ཁྲིམས་རས་ཁོངས་གཏོགས་ཁུལ་གྱི་གྲོང་ཚོ་དང་གྲོང་ལྷན་དུ་དམངས་དོན་ཁྲིམས་གཞུང་གི་ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོ་སྤེལ་ཡུལ་དུ་ལས་བྱེད་པ་དང་མི་དམངས་ཉེན་རྟོག་པས《དམངས་དོན་ཁྲིམས་གཞུང》གི་དྲིལ་བསྒྲགས་ལག་དེབ་སྤྲོད་པ་དང་ས་གནས་ས་ཐོག་ཏུ་གསལ་འགྲེལ་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་མང་ཚོགས་ལ་དངོས་པོའི་བདག་དབང་དང་། གན་རྒྱ། གཉེན་སྒྲིག་ཁྱིམ་ཚང་སོགས་མང་ཚོགས་ཀྱི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་བཅའ་ཁྲིམས་ཤེས་བྱ་ཁྱབ་གདལ་བཏང་ནས《དམངས་དོན་ཁྲིམས་གཞུང》མང་ཚོགས་ཀྱི་སེམས་ནང་ཟུག་པར་སྔར་བས་སྐུལ་འདེད་བཏང་བ་དང་མང་ཚོགས་ཀྱིས《དམངས་དོན་ཁྲིམས་གཞུང》ཤེས་རྟོགས་དང་བེད་སྤྱོད་བྱེད་པར་ཁྲིད་སྟོན་བྱས་ཡོད།
གོམ་སྟབས་རྗེས་མར་ཁྲིམས་ཁང་གིས་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་རྒྱུ་གཙོ་གནད་དུ་བྱས་ཏེ་མི་དམངས་ཁྲིམས་ར་གཞི་རིམ་ལ་གཞི་ཚུགས་པའི་ལེགས་ཆ་འདོན་སྤེལ་དང་བཅའ་སྡོད་ཁྲིམས་རའི་ལས་དོན་ལ་བརྟེན་ནས་བཅའ་ཁྲིམས་རྒྱུན་མཐུད་ཁྱབ་གདལ་གཏིང་ཟབ་བཏང་སྟེ་བཅའ་ཁྲིམས་ཀྱི་ཤེས་བྱ་མང་ཚོགས་ལ་དྲིལ་བསྒྲགས་དང་མང་ཚོགས་ཀྱི་བཅའ་ཁྲིམས་ཀྱི་འདུ་ཤེས་དང་ཁྲིམས་སྐྱོང་གི་འདུ་ཤེས་སྔར་བས་ཟབ་ཏུ་བཏང་ནས་མི་ཚང་མས་ཁྲིམས་བཀུར་དང་། ཁྲིམས་སྦྱོང་། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་ཀྱི་རྣམ་པ་བཟང་པོ་ཞིག་གཏོད་རྒྱུ་རེད།