འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་། ལྗོངས་ཏང་ཨུད་དྲ་འཕྲིན་གཞུང་དོན་ཁང་། ལྗོངས་ཁྲིམས་འཛིན་ཐིང་། ལྗོངས་ཞིང་ལས་གྲོང་གསེབ་ཐིང་བཅས་ཀྱིས་མཉམ་དུ་སྤེལ་བའི་བོད་རང་སྐྱོང་ལྗོངས་ཀྱི“ཁྲིམས་བཞིན་བོད་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་བུད་མེད་ཀྱི་བཅའ་ཁྲིམས་ཁྱབ་གདལ་གྱི་གྲོང་གསེབ་བྱ་སྤྱོད”དང“དམངས་དོན་ཁྲིམས་གཞུང་དྲིལ་བསྒྲགས་ཟླ་བའི”བྱེད་སྒོའི་འགོ་ཚུགས་མཛད་སྒོ་ལྷ་ས་གྲོང་ཁྱེར་གནས་ཆུང་སྡེ་ཁུལ་གྱི་ཁྲིམས་སྐྱོང་ཐང་ཆེན་དུ་གཉེར་ཞིང་། དེའི་དམིགས་ཡུལ་ནི་བུད་མེད་དང་བྱིས་པར་བཅའ་ཁྲིམས་སྦྱོང་བ་དང་། བཅའ་ཁྲིམས་ཁོང་དུ་ཆུད་པ། ཁྲིམས་སྐྱོང་གི་འདུ་ཤེས་འཛུགས་པ་བཅས་ལ་ཁྲིད་སྟོན་བྱས་ནས། ཁྲིམས་སྐྱོང་སྤྱི་ཚོགས་ནང་ཁྲིམས་སྦྱོང་མཁན་དང་། ཁྲིམས་ཤེས་མཁན། ཁྲིམས་སྤྱོད་མཁན་བཅས་བཅའ་ཁྲིམས་གསལ་ཤེས་པ་ཞིག་ཆགས་པར་ཁྲིད་སྟོན་བྱས་པ་རེད།