ཉེ་བའི་ལོ་ཤས་རིང་། ཀོ་ཐང་མཐའ་མཚམས་མངགས་གཏོང་ཁང་གིས་ས་ཁོངས་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཤིང་། ཡུལ་བབ་དང་བསྟུན་པ་དང་བབ་བསྟུན་ཇུས་འགོད་ཀྱིས་ཏང་སྲིད་དམག་ཉེན་དམངས་བཅས་ཀྱིས་མཐའ་སྟོབས་མཐའ་བརྟན་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དང་ཚད་ལྡན་ཅན་ཕྱོགས་སྟོན་དུ་བྱེད་པ་དང་། ཆབ་སྲིད་བདེ་འཇགས་དང་། བདེ་སྲུང་བརྟན་ལྷིང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་ལྷིང་། མཐའ་སྲུང་སྲ་བརྟན་བཅས་དམིགས་ཚད་དུ་བཟུང་ནས། ཕྱོགས་མང་ཤུགས་འདོན་དང་སྙིང་རུས་གཏན་འཁྱོངས་ཀྱིས་མཐའ་མཚམས་མང་ཚོགས་འབྱོར་ཕྱུག་དང་། མཐའ་མཚམས་མཛེས་པ། མཐའ་མཚམས་བརྟན་ལྷིང་། མཐའ་སྲུང་སྲ་བརྟན་བཅས་ཀྱི་ཞི་མཐུན་དང་དུས་བདེའི་རྣམ་པ་ཞིག་བཏོད་པ་རེད།