《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月28日

ལས་གནས་ལ་གཞི་ཚུགས་ཏེ་འགན་འཁྲི་ཧུར་ཐག་འཁུར་བ།

ཉེ་བའི་ལོ་ཤས་རིང་། ལྷ་སའི་རིམ་གསུམ་སྲིད་དོན་ཞབས་ཞུའི་ཚོམས་ཆེན་གྱིས་ཏང་འཛུགས་སྐྱོང་དང་སྲིད་དོན་ཞབས་ཞུའི་ལས་དོན་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་ནས། ཏང་འཛུགས་སྐྱོང་གི་ལེགས་ཆ་ལས་ཀའི་ལེགས་ཆར་བསྒྱུར་ཏེ། རྒྱ་ཆེའི་ཏང་ཡོན་གྱིས་སྲིད་དོན་ཞབས་ཞུའི་དོན་དངོས་དང་ཟུང་འབྲེལ་ཡོང་བར་ཁྲིད་སྟོན་གྱིས་འགན་འཁྲི་འཁུར་བའི་འདུ་ཤེས་ཟབ་ཏུ་བཏང་ནས་དོན་འཁྱོལ་ལ་དམ་འཛིན་དང་། ལས་གནས་ལ་གཞི་ཚུཌ་ཏེ་འགག་སྒྲོལ་དཀའ་སེལ། ཞིབ་མཆན་འགོད་པའི་ནུར་པར་ཐོལ་བརྒལ་གསར་པ་ཡོང་བ་བཅས་བྱས་ཏེ་ལས་དོན་སྒྲུབ་མཁན་ཁེ་ལས་དང་མང་ཚོགས་ཀྱི་སྐྱིད་སྣང་ཇེ་ཆེ་དང་བློ་ཡིད་ཚིམ་ཚད་མཐོ་རུ་ཏན་ཏིག་བཏང་བ་རེད།

པར་འདི་གཉིས་ནི་ལྷ་སའི་རིམ་གསུམ་སྲིད་དོན་ཞབས་ཞུའི་ཚོམས་ཆེན་སྐར་ཁུང་གི་ལས་དོན་པས་གྲོང་མི་མང་ཚོགས་ལ་འབྲེལ་ཡོད་ལས་སྒོ་གཉེར་བཞིན་པ།