《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月28日

ཀྲུང་ཧྥེའི་སློབ་གསོའི་མཉམ་ལས་བགྲོ་གླེང་ཚོགས་འདུ་ཨེ་ཙེ་ཨོ་ཕི་ཡར་འཚོགས་པ།

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཨེ་ཏི་སི་ཨ་པ་པ་ནས་གློག་འཕྲིན་འབྱོར་གསལ། ཀྲུང་ཧྥེའི་སློབ་གསོའི་མཉམ་ལས་བགྲོ་གླེང་ཚོགས་འདུ་ཉེ་ཆར་ཨེ་ཙེ་ཨོ་ཕི་ཡའི་རྒྱལ་ས་ཨེ་ཏི་སི་ཨ་པ་པ་རུ་འཚོགས་ཤིང་། ཨ་ཧྥེ་རི་ཁ་མནའ་འབྲེལ་དང་། མཉམ་འབྲེལ་རྒྱལ་ཚོགས་ཚན་སློབ་རིག་གསུམ་རྩ་འཛུགས། ཨ་ཧྥེ་རི་ཁ་མནའ་འབྲེལ་དུ་བཅའ་སྡོད་ཀྲུང་གོའི་ཕོ་ཉའི་ཚོགས་པ། ཨ་ཙེ་ཨོ་ཕི་ཡའི་སློབ་གསོ་པུའུ་སོགས་སྒྲིག་གཞིའི་འཐུས་མི་ཞུགས་ནས“སློབ་གསོ་དང་འཕེལ་རྒྱས”དང“སློབ་གསོ་དང་བདེ་འཇགས”དང“ལས་རིགས་སློབ་གསོ”སོགས་ཀྱི་གླེང་གཞིར་བགྲོ་གླེང་བྱས་པ་རེད།

ཨ་ཧྥེ་རི་ཁ་མནའ་འབྲེལ་དུ་བཅའ་སྡོད་ཀྲུང་གོའི་ཕོ་ཉའི་ཚོགས་པས་ངོ་སྤྲོད་བྱས་པར་གཞིགས་ན། 2012ལོ་ནས་བཟུང་། ཀྲུང་གོས་ཨ་ཧྥེ་རི་ཁར་དགེ་རྒན་ཁྲི་1ལྷག་ཙམ་གསོ་སྦྱོང་བྱས་ཡོད། ཕྱོགས་གཉིས་པོས་ཨ་ཧྥེ་རི་ཁར་ཁུང་ཙིའི་སློབ་གླིང་67དང་ཁུང་ཙིའི་སློབ་ཁང་10བཙུགས་པ་དང་། ལོ་ལྟར་ཨ་ཧྥེ་རི་ཁའི་སློབ་མ་འབོར་ཆེན་ཀྲུང་གོར་སློབ་སྦྱོང་བྱེད་པར་དང་ལེན་བྱེད་ཀྱི་ཡོད་པས། ཀྲུང་གོ་འདི་ཉིད་ཨ་ཧྥེ་རི་ཁའི་གཞོན་ནུ་དེ་བས་མང་བ་ཕྱི་སྦྱོང་ལ་འགྲོ་འདོད་བྱེད་ས་ཞིག་ཏུ་གྱུར་ཡོད།

ད་ཐེངས་བགྲོ་གླེང་ཚོགས་འདུའི་བརྗོད་དོན་གཙོ་བོ་ནི“སློབ་གསོའི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་དམངས་སེམས་འབྲེལ་མཐུད་ཟབ་ཏུ་བཏང་ནས་ཆུ་ཚད་མཐོ་བའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་དབང་གཅིག་མཐུན་ཚོགས་པ་ཐུན་མོང་ཐོག་གཏོད་དགོས”ཞེས་པ་དེ་ཡིན་པ་དང་། རིགས་གཅིག་མཁས་ཅན་དང་མཁས་དབང་དང་སྲིད་གཞུང་གི་དཔོན་རིགས་ཕུད། ད་དུང་ཨེ་ཙེ་ཨོ་ཕི་ཡའི་མཐོ་སློབ་ནས་ཡོང་བའི་སློབ་མའི་འཐུས་མི་ཁྱོན་200ཙམ་ད་ཐེངས་ཀྱི་བྱེད་སྒོར་ཞུགས་ཡོད་པ་རེད།