《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月28日

ཐེ་ལན་གྱིས་ས་གནས་ཀྱི་ཁྱད་ལྡན་ཡུལ་སྐོར་གྱི་མི་མངོན་པའི་ནུས་པ་སྔོག་འདོན་བྱས་པ།

⇑ འདི་ནི་མེ་འཁོར་ཞིག་ཐེ་ལན་གྱི་པེ་པི་ཧྥུའུ་ཀུའེ་ཧོ་གཙང་པོའི་ཟམ་ཆེན་བརྒྱུད་བཞིན་ཡོད་པ།

⇑ འདི་ནི་ཀུའེ་ཧོ་གཙང་པོའི་ཟམ་ཆེན་དང་ཉེ་འཁོར་གྱི་གྲོང་ཚོ་དང་གྲོང་རྡལ་དུ་ཁྱད་ལྡན་ཡུལ་སྐོར་ཁུལ་ཞིག་གྲུབ་པ།

⇑ འདི་ནི་ཐེ་ལན་གྱི་ཅན་ཀྲུའུ་ཝུན་ཧྥུའུ་ཡི་མཚོ་འགྲམ་དུ་ཡུལ་སྐོར་བས་ཉ་འཛིན་པ་དང་སྤྲོ་གསེང་ལ་རོལ་བཞིན་པ།

འཛམ་གླིང་དམག་ཆེན་གཉིས་པའི་སྐབས། རི་པིན་དམག་གིས་མནའ་མཐུན་དམག་དཔུང་གི་བཟུང་དམག་ཁྲི་6དང་ཨེ་ཤེ་ཡ་ཤར་ལྷོའི་ངལ་རྩོལ་བཟོ་པ་ཁྲི་30ལྷག་ཙམ་བཙན་གྱིས་བསྡུས་ནས་ཐེ་ལན་དང་འབར་མའི་མཐའ་མཚམས་སུ་ལྕགས་ལམ་སྐྲུན་སྐབས་གནས་དེར་མི་ཁྲི་10ལྷག་གི་ཚེ་སྲོག་ཤོར། སྤྱིའི་རིང་ཚད་ལ་སྤྱི་ལེ་415ཟིན་པའི་ཐེ་ལན་དང་འབར་མའི་ལྕགས་ལམ་ལ“ལག་དམར་ལྕཊ་ལམ”ཞེས་ཟེར་སྲོལ་ཡོད། ཀུའེ་ཧོ་གཙང་པོའི་ཟམ་ཆེན་ནི“ལག་དམར་ལྕགས་ལམ”གྱི་དུམ་བུ་སྐད་གྲགས་ཆེ་ཤོས་ཤིག་རེད།

ཐེ་ལན་རྒྱལ་ཁབ་ལྕགས་ལམ་ཀུང་སིས་ཉེ་ཆར་མེ་འཁོར་གྱི་ཡུལ་སྐོར་བརྗོད་དོན་གཙོ་བོའི་ལམ་ཐིག་གསར་པ་14བཏོད་ཅིང་། དེ་དག་མཚོ་འགྲམ་གྱི་ཉ་འཛིན་དང་། སྲོལ་རྒྱུན་མི་སེར་གྱི་སྡོད་ཁང་ལ་ལྟ་བ། ནགས་ཚལ་སྐྱེ་ཁམས་ཡུལ་སྐོར་དང་ཆུ་འབྲས་འདེབས་འཛུཊ་ཉམས་ལེན་སོགས་ཐེ་ལན་གྱི་ཡུལ་སྐོར་རྣམ་གྲངས་དང་འབྲེལ་ཡོད་ལ། དེ་དག་རྒྱལ་ས་པང་ཁོག་ཕུད་པའི་ཚད་རིམ་གཉིས་པ་དང་གསུམ་པའི་གྲོང་ཁྱེར་དུ་གཙོ་བོར་གཅིག་སྡུད་བྱས་ཡོད་ཅིང་། དམིགས་ཡུལ་ནི་ས་གནས་ཀྱི་ཁྱད་ལྡན་ཡུལ་སྐོར་གྱི་མི་མངོན་པའི་ནུས་པ་སྔོག་འདོན་བྱས་ཏེ། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བའི་ཉིན་རེ་བཞིན་ཆེ་རུ་འགྲོ་བའི་རང་གཤིས་ཅན་དང་ཉུང་ཚོགས་ཅན་གྱི་དགོས་མཁོ་བསྐང་རྒྱུ་དེ་རེད།