《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月28日

ཉིང་ཁྲིས་དུག་འགོག་གླུ་གཞས་བརྩམས་ནས་དུག་འགོག་གི་ཚ་རླབས་འཕྱུར་བར་བྱས།

འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཉིང་ཁྲི་གྲོང་ཁྱེར་སྤྱི་བདེ་ཅུས་དུག་འགོག་ཡན་ལག་རུ་ཁག་གིས་ལྟ་ཕྱོགས་གསར་པ་དང་གསར་རྩོམ་འདུ་ཤེས་ནས《ཉིང་ཁྲི་གྲོང་ཁྱེར་གྱི་དུག་འགོག་གླུ་གཞས》བརྩམས་ཏེ་དྲ་ཐོག་ཏུ་ཁྱབ་གདལ་བཏང་བས་རྒྱ་ཆེའི་གྲོང་མིའི་དགའ་བསུ་ཐོབ་པ་མ་ཟད། དྲ་ཐོག་ནས་གཏོང་ཐེངས་ཁྲི་20ལས་བརྒལ་ཡོད་པ་རེད།

གསར་གཏོད་བྱེད་ཐབས་དེས་དུག་འགོག་དྲིལ་བསྒྲགས་སློབ་གསོའི་རྣམ་པ་ཕུན་སུམ་ཚོགས་སུ་ཕྱིན་པ་དང་འབྲེལ། དེ་བས་གསོན་ཉམས་ལྡན་པའི་སྒྱུ་རྩལ་གྱི་རྣམ་པ་ནས་དུག་འགོག་གི་འདུ་ཤེས་གལ་ཆེན་མི་རྣམས་ལ་དྲིལ་བསྒྲགས་བྱས་ཡོད།

ཉིང་ཁྲི་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ་དུག་འགོག་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་ཅིང་། ད་ཐེངས《ཉིང་ཁྲི་གྲོང་ཁྱེར་གྱི་དུག་འགོག་གླུ་གཞས》གསར་རྩོམ་བྱེད་དོན་ནི་དམངས་ཡོངས་ཀྱི་དུག་འགོག་འདུ་ཤེས་སྔར་བས་ཟབ་ཏུ་བཏང་ནས། ཕྱོགས་ཡོངས་ལ་ཁྱབ་པའི་དུག་འགོག་དྲིལ་བསྒྲགས་སློབ་གསོའི་མ་ལག་འཛུགས་ཆེད་རེད།