《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月28日

ལྷ་ས་གྲོང་ཁྱེར་གྱི“ཉི་མ་མེ་ཏོག་རབ་ཏུ་བཞད”ཅེས་པའི་བཅའ་ཁྲིམས་དྲིལ་བསྒྲགས་སློབ་གྲྭར་ཁྱབ་གདལ་གྱི་བྱེད་སྒོ་འགོ་ཚུགས་པ།

ཁྲིམས་སྐྱོང་སློབ་གྲྭ་བཏོད་ནས་གཞོན་ནུ་ལོ་ཆུང་བདེ་ཐང་ངང་འཚར་ལོངས་ཡོང་བར་སྲུང་སྐྱོང་བྱས་པ།

ཉེ་དུས། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་ལྷ་ས་གྲོང་ཁྱེར་ནག་སེལ་གཤེད་འཇོམས་གཞུང་ལས་ཁང་དང་ལྷ་ས་གྲོང་ཁྱེར་སློབ་གསོ་ཅུས་དང་མཉམ་དུ་ལྷ་ས་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པར“ཉི་མ་མེ་ཏོག་རབ་ཏུ་བཞད”ཅེས་པའི་བཅའ་ཁྲིམས་དྲིལ་བསྒྲགས་སློབ་གྲྭར་ཁྱབ་གདལ་གྱི་བྱེད་སྒོའི་འགོ་ཚུགས་མཛད་སྒོ་འཚོགས་ཤིང་། སློབ་གྲྭའི་ཁྲིམས་སྐྱོང་སློབ་སྤྱི་གཞོན་པ་ཁག་གཅིག་དང་། དགེ་སློབ་ཀྱི་འཐུས་མི། ལྷ་ས་གྲོང་ཁྱེར་དམངས་སྲིད་ཅུས་དང་ལྷ་ས་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་ཀྱི་འབྲེལ་ཡོད་འགན་ནུས་སྡེ་ཚན་གྱི་འགན་འཁུར་བ་བཅས་བྱེད་སྒོར་ཞུགས་ཡོད།

ཉེ་བའི་ལོ་ཤས་རིང་། ན་སོ་དར་ལ་མ་བབས་པའི་མིའི་ཉེས་གསོག་བྱེད་སྤྱོད་དེ་སྤྱི་ཚོགས་ཐོག་མངོན་གསལ་དོད་པའི་གནད་དོན་ཞིག་ཏུ་གྱུར་ནས་སློབ་མ་བདེ་ཐང་ངང་འཚར་ལོངས་དང་སྤྱི་ཚོགས་ཀྱི་ཞི་མཐུན་བརྟན་ལྷིང་ལ་གནོད་འཚེ་ཚབས་ཆེན་བཟོ་བ་མ་ཟད། ཁྲིམས་སྐྱོང་སློབ་གྲྭ་འཛུགས་སྐྱོང་དང་རྒྱ་ཆེའི་མང་ཚོགས་ཀྱི་བདེ་སྣང་དང་སྐྱིད་སྣང་ལའང་ཤུགས་རྐྱེན་ངེས་ཅན་ཐེབས་བཞིན་ཡོད། “ང་ཚོས་ད་རེས་ཀྱི་བྱེད་སྒོ་འགོ་འཛུགས་ས་གསར་པར་བྱས་ཏེ་གཞོན་ནུ་ལོ་ཆུང་སློབ་མར‘སྲུང་སྐྱོང་དྲ་བ’ཞིག་ཕྱོཌ་ཡོངས་ནས་བསྐྲུན་ནས་སྤྱི་ཚོཌ་ཀྱི་ཁྲིམས་འགལ་བར‘ཉེན་བརྡ’བསྒྲཌ་ཏེ་ན་སོ་དར་ལ་མ་བབས་པའི་མི་སྲུང་སྐྱོང་དང་དེར་སློབ་གསོ་གཏོང་བའི་ལས་དོན་སྒྲུབ་ཤུགས་མུ་མཐུད་ཆེ་རུ་བཏང་ཡོད། སློབ་གྲྭར་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་ལས་དོན་ཧུར་ཐག་སྤེལ་ནས་སློབ་གྲྭ་བཅའ་ཁྲིམས་ཁྱབ་གདལ་གཏོང་སའི་འཐབ་ས་དང་ཁྲིམས་སྐྱོང་སློབ་སྤྱི་གཞོན་པའི་ལམ་ལུགས་བརྒྱུད་དཔེ་མཚོན་གྱོད་དཔེའི་ཉེན་ཟོན་དང་། སྣེ་ཁྲིད། དཔེ་སྟོན་བཅས་ཀྱི་ནུས་པ་བཏོན་པས་དགེ་སློབ་ཀྱི་བཅའ་ཁྲིམས་ཀྱི་འདུ་ཤེས་དང་ཁྲིམས་སྐྱོང་གི་འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་ཡོད”ཅེས་ལྷ་ས་གྲོང་ཁྱེར་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་པ་སངས་རྡོ་རྗེས་བརྗོད།

དུས་ཡུན་རིང་པོར་ལྷ་ས་གྲོང་ཁྱེར་གྱིས་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གྲྭར་ཁྱབ་གདལ་གཏོང་བའི་བྱེད་སྒོ་རྒྱ་ཁྱབ་དང་གཏིང་ཟབ་སྤེལ་ཞིང་། མཐོང་ཐོས་མྱོང་གསུམ་གྱི་ཁྲིམས་སྐྱོང་ལག་ལེན་བརྒྱུད་དབྱིངས་ཞུཌ་རྣམ་པའི་ཁྲིམས་སྐྱོང་སློབ་གསོའི་བྱེད་སྒོར་བརྟེན་ནས་གྲོང་ཁྱེར་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མ་དང་། ཁྱིམ་བདག དགེ་རྒན་བཅས་ཀྱི་ཁྲིམས་བཀུར་དང་། ཁྲིམས་སྦྱོང་། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་ཀྱི་འདུ་ཤེས་ཤིག་འཛུགས་རྒྱུར་སྣེ་ཁྲིད་ཐུབ་ཡོད། དེ་དང་ཆབས་ཅིག“ཁ་སངས་ཤེས་པ་དང་རང་སྲུང་ཤེས་པ”བརྗོད་དོན་གཙོ་བོར་བྱས་པའི་སློབ་གྲྭའི་བརྙས་བཅོས་འགོག་པའི་བཅའ་ཁྲིམས་ཁྱབ་གདལ་དྲིལ་བསྒྲགས་ཀྱི་བྱེད་སྒོ་སྤེལ་བ་མ་ཟད། ན་སོ་དར་ལ་མ་བབས་པའི་མིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་དང་། གཞོན་ནུ་ལོ་ཆུང་གི་ཁྲིམས་འགལ་ཉེས་གསོག་སྔོན་འགོག་སོགས་ཐད་འཚོལ་ཞིབ་ཧུར་ཐག་བྱས་པ་དང་དེ་ལས་ཐོབ་པའི་ཉམས་མྱོང་རྒྱལ་ཡོངས་སུ་དཔྱད་གཞིར་འཛིན་རྒྱུར་དོན་སྙིང་ཆེན་པོ་ལྡན་ཡོད།

གཞོན་ནུ་ལོ་ཆུང་གི་ཁྲིམས་སྐྱོང་སློབ་གསོའི་ལས་དོན་དེ་གཞོན་ནུ་ལོ་ཆུང་བདེ་ཐང་ངང་འཚར་ལོངས་ཡོང་བ་དང་འབྲེལ་བ་ཡོད་ལ། ཁྱིམ་ཚང་དུང་ཕྱུར་མང་པོའི་བདེ་སྐྱིད་དང་འབྲེལ་བ་ཡོད་པ་མ་ཟད། སྤྱི་ཚོགས་བདེ་འཇཌ་དང་མི་རིཌ་དར་རྒྱས་ཡོང་བ་དང་ཡང་འབྲེལ་བ་ཡོད། ཁྲིམས་སྐྱོང་སློབ་གསོ་དེ་སློབ་གྲྭའི་སློབ་གསོ་དང་། ཁྱིམ་ཚང་གི་སློབ་གསོ། སྤྱི་ཚོགས་ཀྱི་སློབ་གསོ་བཅས་དང་ཕན་ཚུན་མཉམ་འདྲེས་དང་ལེགས་ཆ་གསབ་རེས་བྱེད་པ་དེས། དུས་རབས་གསར་པར་ན་སོ་དར་ལ་མ་བབས་པའི་མིའི་ཁྲིམས་སྐྱོང་སློབ་གསོའི་ལས་དོན་ལ་ཕན་པ་གསར་པ་སྐྲུན་པ་དང་། གཞོན་ནུ་ལོ་ཆུང་གི་ཁྲིམས་སྐྱོང་སློབ་གསོའི་ཕན་འབྲས་ཆེ་རུ་གཏོང་བ། ན་སོ་དར་ལ་མ་བབས་པའི་མི་སྲུང་སྐྱོང་དང་ན་སོ་དར་ལ་མ་བབས་པའི་མིའི་ཉེས་གསོག་སྔོན་འགོག་ལས་དོན་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བ་བཅས་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད།

(སྒྱུར་ཞུས་པ་པ་སངས་ཚེ་རིང)