《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月28日

མལ་གྲོ་གུང་དཀར་རྫོང་གིས།

དངོས་གཞིའི་སློབ་ཚན་གོང་གི་སྐར་མ་ལྔའི་ཀུན་སྤྱོད་སློབ་གསོའི་སློབ་ཚན་འཚོགས་པ།

འདི་ནི་ཕུར་སྒྲོན་གྱིས“རང་ཉིད་ནས་འགོ་བཙུགས་ཏེ་བརྙས་བཅོས་རིགས་བཀག་འགོག་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཀུན་སྤྱོད་སློབ་གསོའི་སློབ་ཚན་ཁྲིད་བཞིན་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། སློབ་གྲྭའི་བརྙས་བཅོས་འགོག་ཟོན་བྱེད་ཆེད། ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་སློབ་གསོ(ལུས་རྩལ)ཅུས་ཀྱིས་རྫོང་ཨུད་དང་རྫོང་སྲིད་གཞུང་གི་བཀོད་སྒྲིག་གཞིར་བཟུང་། རྫོང་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་དུ་དངོས་གཞིའི་སློབ་ཚན་གོང་གི་སྐར་མ་ལྔའི་ཀུན་སྤྱོད་སློབ་གསོའི་རིམ་སྤེལ་སློབ་ཚན་འཚོགས་ཏེ། སློབ་མར་བསམ་བློ་སྐྱོན་བྲལ་དང་སློབ་གྲྭའི་བརྙས་བཅོས་སོགས་སྐོར་གྱི་བཅའ་ཁྲིམས་ཤེས་བྱ་འཆད་ཁྲིད་བྱས་ནས་སློབ་མའི་ཁྲིམས་སྐྱོང་འདུ་ཤེས་སྔར་བས་ཟབ་ཏུ་བཏང་ཡོད།

ཉེ་དུས། གསར་འགོད་པ་མལ་གྲོ་གུང་དཀར་རྫོང་ནན་ཅིང་ཚོད་ལྟའི་སློབ་ཆུང་དུ་སྐྱོད་སྐབས། མལ་གྲོ་གུང་དཀར་རྫོང་སློབ་གསོ(ལུས་རྩལ)ཅུས་ཀྱི་ཅུས་ཀྲང་བཀྲ་ཤིས་དབང་འདུས་ཀྱིས་རྫོང་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་དུ་དངོས་གཞིའི་སློབ་ཚན་གོང་གི་སྐར་མ་ལྔའི་ཀུན་སྤྱོད་སློབ་གསོའི་རིམ་སྤེལ་སློབ་ཚན་འཚོག་བཞིན་ཡོད་པ་མཐོང་བྱུང་། སློབ་ཚན་དེ་ལས་སློབ་མའི་ཁྲིམས་སྐྱོང་འདུ་ཤེས་ཟབ་ཏུ་ཕྱིན་པ་དང་། སློབ་མར་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་རོགས་རམ་བྱེད་པའི་ཕུལ་བྱུང་ཀུན་སྤྱོད་འཇགས་པ་མ་ཟད། ད་དུང་ཞི་མཐུན་ལྡན་པའི་སློབ་གྲྭའི་རྣམ་པའང་ཆགས་ཡོད། གཞན་ཡང་སློབ་གསོ་ཁྲིད་སྟོན་ལས། སློབ་སྦྱོང་ལ་འབད་བརྩོན་བྱེད་པའི་སློབ་མའི་ཆོད་སེམས་བརྟན་དུ་སོང་ནས། སློབ་མ་ཕྱོགས་ཡོངས་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཐེབས་ཡོད་ཅེས་བཤད།