《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月28日

རུ་ཐོག་མཐའ་མཚམས་མངགས་གཏོང་ཁང་གིས།

སློབ་གྲྭར་ཉེན་དོན་ཁང་བཙུགས་ནས་སློབ་གྲྭའི་བདེ་འཇགས་ཀྱི“འགོག་སྲུང་འཛིང་རགས་གསར་པ”ཞིབ་ཚགས་བསྐྲུན་པ།

འདི་ནི་རུ་ཐོག་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་སློབ་གྲྭའི་མཐའ་འཁོར་དུ་སྐོར་གཡེང་བྱེད་བཞིན་པ།

འདི་ག་ཚགས་པར་ཁང་དུ་རུ་ཐོག་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། རུ་ཐོག་མཐའ་མཚམས་མངཌ་གཏོང་ཁང་གི་ལོ་དགུའི་རྒྱུན་འཇགས་ལམ་ལུགས་ཀྱི་སློབ་གྲྭའི་ཉེན་དོན་ཁང་རུ་ཐོག་རྫོང་ལོ་དགུའི་རྒྱུན་འཇགས་ལམ་ལུགས་ཀྱི་སློབ་གྲྭར་དངོས་སུ་བཙུཌ་ནས། སློབ་གྲྭའི་བདེ་འཇགས་ཀྱི“འགོག་སྲུང་འཛིང་རཌ་གསར་པ”ཞིབ་ཚགས་བསྐྲུན་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། རུ་ཐོག་མཐའ་མཚམས་མངགས་གཏོང་ཁང་གིས་སློབ་གྲྭའི་ཉེན་དོན་ཁང་གི་ལས་སྟེགས་ལ་བརྟེན་ནས་སློབ་གྲྭ་དང་དེ་བཞིན་དེའི་མཐའ་འཁོར་གྱི་བདེ་འཇགས་ལ་ཕྱོགས་བསྡུས་བཅོས་སྐྱོང་བྱས་ནས། སློབ་གྲྭ་དང་སློབ་ཕྲུག་ཚོར་བདེ་འཇགས་སློབ་གསོ་བརྒྱབ་པས། སློབ་མ་དང་འབྲེལ་བའི་ཁྲིམས་འགལ་བྱེད་སྤྱོད་ཟིལ་གྱིས་མནན་ནས། སློབ་གྲྭའི་བདེ་འཇགས་སྲུང་སྐྱོང་གི་སྟོབས་ཤུགས་ཆེ་རུ་གཏོང་བར་ཆེད་ལས་ཀྱི་འགན་ལེན་མཁོ་འདོན་བྱས་ཡོད། དེ་དང་ཆབས་ཅིག ཉེན་དོན་འབྲེལ་གཏུགས་པ་གཅིག་བཀོད་སྒྲིག་བྱས་ནས་སློབ་གྲྭའི་ཉེན་དོན་ཁང་གི་ལས་ཀ་བྱེད་པ་མ་ཟད། སློབ་གྲྭས་སློབ་གྲྭ་དང་སློབ་གྲྭའི་མཐའ་འཁོར་གྱི་བདེ་འཇགས་ཐད་ཀྱི་མི་མངོན་པའི་རྐྱེན་ངན་གྲལ་བཤེར་ལ་མཛུབ་ཁྲིད་བྱེད་པ། སློབ་གྲྭ་ཚོགས་གྲོལ་གྱི་དུས་མཚམས་གལ་ཆེན་དུ་འབྲེལ་ཡོད་སྟོབས་ཤུགས་ལ་མཐུན་སྦྱོར་བྱས་ནས། སློབ་མའི་སྲུང་སྐྱོང་ལས་དོན་སྤེལ་བ་བཅས་ཀྱི་འགན་འཁུར་དུ་བཅུག་པ་རེད།