《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月28日

བོད་དམག་ཁུལ་ཁང་གི་དཔུང་སྡེ་ཞིག་གིས།

གོ་མཚོན་ལ་དུས་བསྟུན་བདག་སྐྱོང་གི་ལས་དོན་སྤེལ་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར་བོད་དམག་ཁུལ་ཁང་གི་དཔུང་སྡེ་ཞིག་ཏུ་གོ་མཚོན་ལ་དུས་བསྟུན་བདག་སྐྱོང་བྱེད་པའི་ཚ་རླབས་ཤིག་འཕྱུར་ཞིང་། ཁོང་ཚོས་རུ་ཁག་བགོས་ནས་མཉམ་ལས་དང་། གོ་རིམ་ལྡན་པར་ལག་བསྟར། དམག་མི་ཡོངས་ཞུགས་པ་བཅས་ཀྱི་བྱ་ཐབས་སྤྱད་ནས་གོ་མཚོན་ལ་བདག་སྐྱོང་ཡག་པོ་བྱས་ཏེ་གོ་མཚོན་རྣམ་པ་ཡག་ཤོས་ཀྱི་ཐོག་ནས་ཕྱིས་འབྱུང་གི་སྦྱོང་བརྡར་ལས་འགན་ནང་སྤྱོད་ཐུབ་པའི་འགན་ལེན་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་བདག་སྐྱོང་ལས་འགན་དཔུང་སྡེའི་གོ་མཚོན་ཚང་མར་ཁྱབ་ནས་སྤུས་ཚད་འགན་ལེན་ཐུབ་མིན་གསལ་རྟོགས་བྱས་ཁར། གོ་མཚོན་གྱི་ཆ་འཕྲིན་གྲངས་གཞི་ཆ་ཚང་ཞིག་བཙུགས་པ་རེད། གཞན་ཡང་། ལག་རྩལ་ཚོགས་པ་བཙུགས་ནས་ལས་བགོས་ཁ་གསལ་བྱས་པ་དང་། རེ་རེ་བཞིན་སྐོར་ཞིབ་ཉམས་བཟོ་བྱས་ནས་གོ་མཚོན་གྱི་སྐྱོན་ཆ་དུས་ཐོག་ཏུ་སེལ་ཐུབ་པའི་འགན་ལེན་བྱས་པ་མ་ཟད། གོ་མཚོན་གྱི་ནུས་པ་ཕྱོགས་ཡོངས་ནས་སླར་གསོ་བྱས་ཏེ་དུས་དང་རྣམ་པ་ཀུན་དུ་རྣམ་པ་བཟང་ཤོས་རྒྱུན་འཁྱོངས་བྱས་པ་རེད།

པར①ནི་འཐབ་འཛིང་པས་རླངས་འཁོར་གྱི་སྒུལ་བྱེད་འཕྲུལ་འཁོར་ལ་ཞིབ་བཤེར་ཉམས་བཟོ་བྱེད་བཞིན་པ།

པར②ནི་འཐབ་འཛིང་པས་རླངས་འཁོར་ལ་ཞིབ་བཤེར་ཉམས་བཟོ་བྱེད་བཞིན་པ།

པར③ནི་འཐབ་འཛིང་པས་གོ་མཚོན་ལ་བདག་སྐྱོང་བྱེད་བཞིན་པ།