《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月28日

རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་གིས།

“ལྗང་མདོག་ཐཱན་ཉུང་། མཛེས་པའི་ཀྲུང་གོ”ཞེས་པའི་རྒྱལ་ཡོངས་ཀྱི་ཐཱན་ཉུང་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

འདི་ནི་བྱེད་སྒོར་ཞུགས་མཁན་ཚོས་བོད་ལྗོངས་མཐོ་རྩོད་ཨར་ལས་རྒྱུ་ཆ་མ་རྐང་ཚད་ཡོད་ཀུང་སིའི་ལྟེ་བའི་ཚོད་འཛིན་ཁང་དུ་ལྟ་སྐོར་བྱེད་བཞིན་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་གིས་ལྷ་ས་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་དང་ལྷ་ས་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་སྟོད་ལུང་ཡན་ལག་ཅུས་དང་མཉམ་དུ་ལྷ་ས་གྲོང་ཁྱེར་མཐོ་རྩོད་ཨར་འདམ་བཟོ་གྲྭར“ལྗང་མདོག་ཐཱན་ཉུང་། མཛེས་པའི་ཀྲུང་གོ”ཞེས་པའི་རྒྱལ་ཡོངས་ཀྱི་ཐཱན་ཉུང་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོ་སྤེལ་ཡུལ་དུ་འབྲེལ་ཡོད་འགན་འཁུར་བས་ཐཱན་ཉུང་གྲོང་ཁྱེར་དང་། གནམ་གཤིས་ཀྱི་མ་འཇོག་དང་མ་དངུལ་བསྡུ་སྒྲིལ། གནམ་གཤིས་འཚམ་མཐུན་ཅན་གྱི་གྲོང་ཁྱེར་བཅས་ཚོད་ལྟའི་ངང་བསྐྲུན་རྗེས་ཐོབ་པའི་གྲུབ་འབྲས་ཉམས་མྱོང་དང་སྔོན་ཐོན་བྱེད་སྟངས་ངོ་སྤྲོད་ཞིབ་ཕྲ་བྱས་པ་དང་། རྒྱལ་ཡོངས་ཀྱི་ཐཱན་ཁྲོམ་རའི་གཞི་རྩའི་གནས་ངེས་དང་། སྲིད་ཇུས་དམིགས་ཚད། འཛུགས་སྐྲུན་འཕེལ་རིམ་བཅས་ཀྱི་སྐོར་གསལ་འགྲེལ་གཏིང་ཟབ་བྱས་པ། གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་དང་ཉེན་ཁ་སྒྲོག་འགྲེལ་བྱས་ལ་སྤྱི་དམངས་ཀྱིས་ལྗང་མདོག་ཐཱན་ཉུང་གི་འཚོ་བ་སྐྱེལ་བའི་རྣམ་པ་ཁྱབ་གདལ་ཡང་བཏང་བ་རེད། དུས་མཚུངས་སུ་སྤྱི་དམངས་ལ་ཐཱན་ཉུང་བྱ་སྤྱོད་ནང་རྒྱ་ཁྱབ་ཞུགས་ནས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་དང་དེ་བཞིན་ཐཱན་ཉུང་བྱ་སྤྱོད་སྤེལ་བའི་འདུ་ཤེས་ཟབ་ཏུ་བཏང་སྟེ། ཚང་མས་ཐཱན་ཉུང་འཚོ་བའི་ལག་ལེན་པ་དང་སྐུལ་འདེད་པ་ཧུར་བརྩོན་ཆེན་པོས་བྱེད་པའི་རྣམ་པ་ཡག་པོ་ཆགས་པར་བྱ་རྒྱུའི་སྐུལ་སློང་ཡང་བྱས་པ་རེད།

དེ་རྗེས་བོད་ལྗོངས་མཐོ་རྩོད་ཨར་ལས་རྒྱུ་ཆ་མ་རྐང་ཚད་ཡོད་ཀུང་སིའི་ཁོར་ཡུག་སྲུང་སྐྱོང་པུའི་འགན་འཁུར་བ་སུའུ་ཧའེ་ལུང་གིས་ཚོགས་ཞུགས་མི་སྣའི་སྣེ་ཁྲིད་དེ་ཨར་འདམ་བཟོ་གྲྭར་བསྐྱོད་ཅིང་། ས་གནས་ས་ཐོག་ཏུ་ཚང་མར་ལྗང་མདོག་ཐཱན་ཉུང་ཕྱོགས་སྒྱུར་བྱེད་པའི་ཁྲོད་ཀྱི་ཁེ་ལས་ཀྱི་ལག་ལེན་དང་ཉམས་མྱོང་ངོ་སྤྲོད་བྱས་པ་མ་ཟད། ད་དུང་ནུས་རྒྱུ་གྲོན་ཆུང་དང་། ཟད་གྲོན་ཆུང་གཏོང་། ཐོན་ཁུངས་རྒྱུན་འཁོར་བེད་སྤྱོད་སོགས་ཀྱི་བྱེད་ཐབས་སྤྱད་ནས་ཁེ་ལས་ཀྱིས་ལྗང་མདོག་རྒྱུན་མཐུད་འཕེལ་རྒྱས་ཇི་ལྟར་གཏོང་ཚུལ་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་རེད། (སྤེན་ཚེས་བསྒྱུར། སྤེན་ཚེ་དང་དབང་སྒྲོན་སྐྱིད་ཀྱིས་ཞུས)