《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月28日

པར་རིས་གསར་འགྱུར།

ཉེ་ཆར། ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚ་རགས་ཤང་ས་སྨད་གྲོང་ཚོར་ཆུ་ཤུར་རྫོང་མི་དམངས་ཁྲིམས་ཁང་གིས“སྐོར་སྐྱོད་ཁྲིམས་རས”ཆང་བཏུངས་འཁོར་གཏོང་གི་གྱོད་གཞི་ཞིག་ལ་ཡོངས་བསྒྲགས་ངང་ཁྲིམས་ར་འཚོགས་ནས་ཞིབ་གཅོད་བྱས་པ་དང་འབྲེལ། ཁྲིམས་སར་བཅད་ཁྲ་ཁྱབ་བསྒྲགས་ཀྱང་བྱས་པ་རེད། ཁྲིམས་རའི་འདྲི་གཅོད་མཇུག་འགྲིལ་རྗེས་ཁྲིམས་ཁང་གི་ལས་དོན་མི་སྣས་འཕྲལ་དུ་གྱོད་དཔེས་ཁྲིམས་འགྲེལ་བྱས་ཏེ། ཆང་བཏུངས་འཁོར་གཏོང་དང་ར་བཟི་འཁོར་གཏོང་རིགས་ཀྱི་གྱོད་གཞིར་དམིགས་ཏེ་ཟུར་ཉན་མང་ཚོགས་ལ་ས་གནས་ས་ཐོག་ཏུ་བཅའ་ཁྲིམས་ཁྱབ་གདལ་བཏང་བ་མ་ཟད། ད་དུང་གྲོང་མི་ཚོར་རང་ངོས་ཀྱི་ཁེ་ཕན་དང་འབྲེལ་བ་དམ་ཟབ་ཡོད་པའི་གནད་དོན་འཕྲད་སྐབས་ངེས་པར་དུ་བཅའ་ཁྲིམས་ཀྱི་བློ་འདྲི་ཧུར་ཐག་བྱས་ནས་རང་ངོས་ཀྱི་ཁེ་དབང་སྲུང་སྐྱོང་བྱེད་དགོས་ལུགས་དྲན་སྐུལ་བྱས་ཤིང་། འདི་ནི་བྱེད་སྒོ་སྤེལ་ཡུལ་ཡིན་པ།