《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月28日

བཅའ་ཁྲིམས་ཁྱབ་གདལ་ཤེས་བྱ།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ན་སོ་དར་ལ་མ་བབས་པའི་མིའི་སྲུང་སྐྱོང་བཅའ་ཁྲིམས》ཀྱི་དོན་ཚན་ང་བདུན་ནང་གཏན་འབེབས་བྱས་དོན། འགྲུལ་ཁང་དང་། མགྲོན་ཁང་། གསོལ་མགྲོན་ཁང་སོགས་ཀྱིས་ན་སོ་དར་ལ་མ་བབས་པའི་མི་ཞག་སྡོད་བྱེད་དུ་འཇུག་པའམ་ཡང་ན་ནར་སོ་དར་ལ་མ་བབས་པའི་མི་དང་དར་མ་མཉམ་དུ་ཞག་སྡོད་བྱེད་དུ་འཇུག་སྐབས་ཕ་མའམ་ཡང་ན་ལྟ་སྐྱོང་མཁན་གཞན་གྱི་འབྲེལ་གཏུག་ཁ་པར་ཨང་གྲངས་དང་ཞག་སྡོད་བྱེད་མཁན་གྱི་ཐོབ་ཐང་འབྲེལ་བ་སོཊ་འབྲེལ་ཡོད་གནས་ཚུལ་སྐད་ཆ་ཡག་པོ་འདྲི་དགོས་པ་དང་། ཁྲིམས་འགལ་ཉེས་གསོག་གི་དོཊ་པ་ཡོད་པ་ཤེས་ཚེ་ལམ་སེང་སྤྱི་བདེ་ལས་ཁུངས་ལ་སྙན་སེང་ཞུ་བ་དང་འབྲེལ། ནར་སོ་དར་ལ་མ་བབས་པའི་མིའི་ཕ་མའམ་ལྟ་སྐྱོང་བ་གཞན་ལ་དུས་ཐོག་ཏུ་འབྲེལ་བ་བྱེད་དགོས།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ན་སོ་དར་ལ་མ་བབས་པའི་མིའི་སྲུང་སྐྱོང་བཅའ་ཁྲིམས》ཀྱི་དོན་ཚན་བརྒྱ་དང་ཉེར་གཉིས་པའི་ནང་གཏན་འབེབས་བྱས་དོན། མགྲོན་ཁང་གིས་བཅའ་ཁྲིམས་འདི་གའི་དོན་ཚན་ང་དྲུག་པའི་ནང་གསེས་གཉིས་པའི་གཏན་འབེབས་དང་བཅའ་ཁྲིམས་འདི་གའི་དོན་ཚན་ང་བདུན་པའི་གཏན་འབེབས་ལས་འགལ་རིགས་ལ་ཁྲོམ་ར་ལྟ་སྐུལ་དོ་དམ་དང་། འཕྲལ་སྡོམ་དོ་དམ། སྤྱི་བདེ་སོགས་སྡེ་ཚན་གྱིས་འགན་འཁྲི་ཁག་བགོས་ལྟར་དུས་བཀག་ནང་ཡོ་བསྲང་བྱེད་དུ་བཅུག་ནས་ཐ་ཚིག་བསྒྲགས་དགོས་པ་དང་། ཡོ་བསྲང་གཏན་ནས་མི་བྱེད་པའམ་མཇུག་འབྲས་ཚབས་ཆེན་བཟོས་རིགས་ལ་ལས་གཉེར་མཚམས་འཇོག་གིས་དག་ཐེར་བྱེད་དུ་འཇུག་པའམ་ཡང་ན་ལས་གཉེར་་ལག་ཁྱེར་དང་འབྲེལ་ཡོད་ཆོག་འཐུས་ལག་ཁྱེར་མེད་པར་བཟོ་དགོས་པ་མ་ཟད། དངུལ་ཆད་སྒོར་ཁྲི་གཅིག་ཡན་ནས་ཁྲི་བཅུ་མན་བར་གཅོད་དགོས།