《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月28日

ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་སྟོད་ལུང་བདེ་ཆེན་ཡན་ལག་ཅུས་ཀྱིས།

མགྲོན་ཁང་གིས་སྒྲིག་འགལ་ངང་ན་སོ་དར་ལ་མ་བབས་པའི་མི་ཞག་སྡོད་བྱེད་དུ་བཅུག་པའི་བྱེད་སྤྱོད་ལ་ཞིབ་བཤེར་ནན་པོ་བྱས་པ།

↑འདི་ནི་མི་དམངས་ཉེན་རྟོག་པས་འགྲུལ་ཁང་ཞིག་ཏུ་ན་སོ་དར་ལ་མ་བབས་པའི་མི་ཞག་སྡོད་ཀྱི་ཐོ་བཀོད་ཡོད་མེད་ཞིབ་བཤེར་བྱེད་བཞིན་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། འདི་ལོ་ཚུན་དུ། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་སྟོད་ལུང་བདེ་ཆེན་ཡན་ལག་ཅུས་ཀྱིས་འགྲུལ་ཁང་གིས་ན་སོ་དར་ལ་མ་བབས་པའི་མི་ཞག་སྡོད་བྱེད་དུ་བཅུག་པའི་ཐོ་ཇི་མ་ཇི་བཞིན་མ་བཀོད་པའི་སྒྲིག་འགལ་བྱེད་སྤྱོད“ཐར་པ་གཏན་ནས་མི་གཏོང་བ”མཐའ་འཁྱོངས་དང་ཁྲིམས་ལྟར་ཐག་གཅོད་ནན་པོ་བྱས་ནས། “དུས་བཀག་དང་དུས་བཀག་མ་ཡིན་པ”ཟུང་འབྲེལ་དང་། “གཅིག་སྡུད་དང་འཕྲལ་རྒོལ་ཟུང་འབྲེལ” “དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ”སོཊ་ཀྱི་ཞིབ་བཤེར་བྱེད་ཐབས་སྤྱད་དེ་འགྲུལ་ཁང་དང་། མགྲོན་ཁང་། གསོལ་མགྲོན་ཁང་བཅས་1256ལ་སྔ་རྗེས་སུ་བརྟག་དཔྱད་དང་། མགྲོན་ཁང་3སྐོང་འདྲི་བྱས་པ། མགྲོན་ཁང་9ལས་མཚམས་བཞག་ནས་དག་ཐེར་བྱེད་དུ་བཅུག་སྟེ་མགྲོན་ཁང་སོགས་ཀྱིས་ན་སོ་དར་ལ་མ་བབས་པའི་མི་ཞག་སྡོད་བྱེད་དུ་འཇུག་སྐབས“ངེས་པར་དུ་བྱེད་དགོས་པ་ལྔའི”བླང་བྱ་དོན་འཁྱོལ་བྱེད་པར་སྐུལ་འདེད་ནུས་ལྡན་བཏང་ཡོད།