《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月28日

མལ་གྲོ་གུང་དཀར་རྫོང་སྤྱི་བདེ་ཅུས་རྒྱལ་མཚམས་འཛུལ་སྒྲོལ་གྱི་ལག་ཁྱེར་བདག་སྤྲོད་ས་ཚིགས་དངོས་སུ་སྤྱོད་འགོ་ཚུགས་པ།

↑ འདི་ནི་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པས་མང་ཚོགས་ལ་རྒྱལ་མཚམས་འཛུལ་སྒྲོལ་གྱི་འབྲེལ་ཡོད་འགྲོ་ལུགས་གཉེར་བཞིན་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་སྤྱི་བདེ་ཅུས་རྒྱལ་མཚམས་འཛུལ་སྒྲོལ་གྱི་ལག་ཁྱེར་བདག་སྤྲོད་ས་ཚིགས་དངོས་སུ་སྤྱོད་འགོ་ཚུགས་པ་རེད། བྱེད་ཐབས་དེ་ནི་མལ་གྲོ་གུང་དཀར་རྫོང་སྤྱི་བདེ་ཅུས་ཀྱིས་སྤྱི་བདེའི“གློད་སྡོམ་ཞབས་གསུམ”སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ནང་དོན་གལ་ཆེན་ཞིག་ཡིན་ཞིང་། དེའི་དམིགས་ཡུལ་ནི་མང་ཚོགས་ལ་དེ་བས་སྟབས་བདེ་དང་ནུས་ཆེའི་རྒྱལ་མཚམས་འཛུལ་སྒྲོལ་ལ་ཞབས་འདེགས་ཞུ་ཆེད་རེད།

མལ་གྲོ་གུང་དཀར་རྫོང་སྤྱི་བདེ་ཅུས་རྒྱལ་མཚམས་འཛུལ་སྒྲོལ་གྱི་ལག་ཁྱེར་བདག་སྤྲོད་ས་ཚིགས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་ཁོང་ཚོའི་བདག་སྤྲོད་ས་ཚིགས་ནས་བདག་སྤྲོད་བྱེད་ཆོག་པའི་རྒྱལ་མཚམས་འཛུལ་སྒྲོལ་གྱི་ལག་ཁྱེར་ནང་ཕྱི་རྒྱལ་དུ་སློབ་སྦྱོང་དང་། ཚོང་གཉེར། སྨན་བཅོས། གཉེན་ཉེ་ཐུག་འཕྲད། ཡུལ་སྐོར་ཚོགས་པ་བཅས་ཀྱི་རྒྱལ་སྒྲོལ་ལམ་ཡིག་དང་། ཤང་ཀང་དང་། ཨའོ་མོན། ཐའེ་དབན་བཅས་ཀྱི་ལམ་ཡིག་སོགས་ཚུད་པ་དང་། བདག་སྤྲོད་བྱ་ཡུལ་ནི་རྫོང་དེ་གའི་མང་ཚོགས་དང་རྫོང་དེར་གནས་སྐབས་སྡོད་མཁན་ཕྱི་ནས་ཡོང་བའི་གླ་པ་རེད། རྫོང་དེའི་མང་ཚོགས་ཀྱིས་ཐོབ་ཐང་ལག་ཁྱེར་དང་ཐེམ་ཐོ་སོགས་དཔྱད་གཞི་འཁྱེར་ནས། རྫོང་སྲིད་དོན་ཚོམས་ཆེན་གྱི་ཐོག་སོ་དང་པོའི་རྒྱལ་མཚམས་འཛུལ་སྒྲོལ་གྱི་སྐར་ཁུང་2པ་ནས་རེ་ཞུའི་རེའུ་མིག་རྒྱོང་དགོས་པ་དང་། ཁོངས་གཏོགས་ཀྱི་ཤང་དང་གྲོང་རྡལ་དང་། མངགས་གཏོང་ཁང་། རྫོང་རྒྱལ་མཚམས་འཛུལ་སྒྲོལ་གྱི་སྐར་ཁུང་། རྫོང་རིམ་པའི་སྤྱི་བདེ་ལས་ཁུངས་བཅས་ཀྱིས་རིམ་པ་བཞིན་ཞིབ་བཤེར་དང་ཐམ་ག་བརྒྱབ་རྗེས། ལག་ཁྱེར་གཉེར་སའི་སྐར་ཁུང་ནས་པར་རྒྱག་པ་དང་མཛུབ་རིས་བཤེར་རྗེས་བདག་སྤྲོད་ལེགས་གྲུབ་བྱུང་ཡོད།