《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月28日

རང་ལྗོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས།

“5·15”དཔལ་འབྱོར་ཉེས་གསོག་ལ་རྡུང་རྡེག་དང་འགོག་ཟོན་སྐོར་གྱི་དྲིལ་བསྒྲགས་ཉིན་མོའི་བྱེད་སྒོ་སྤེལ་བ།

↑འདི་ནི་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་མྱུལ་ཞིབ་ཉིང་ལག་རུ་ཁག་གི་མི་དམངས་ཉེན་རྟོག་པས་ཀྲོའུ་ཅི་གསོལ་མགྲོན་ཁང་ཐང་ཆེན་དུ་འགྲོ་འོང་བྱེད་མཁན་མང་ཚོགས་ལ་རྫུན་ལྷད་ཞན་གསུམ་གྱི་ཚོང་ཟོག་དབྱེ་འབྱེད་བྱེད་སྟངས་ངོ་སྤྲོད་བྱེད་བཞིན་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། 2024ལོའི“5·15”དཔལ་འབྱོར་ཉེས་གསོག་ལ་རྡུང་རྡེག་དང་འགོག་ཟོན་སྐོར་གྱི་དྲིལ་བསྒྲགས་ཉིན་མོར། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་གནས་7གྱི་སྤྱི་བདེ་ལས་ཁུངས་ཀྱིས་ཁོངས་མིའི་ཚན་པ་དང་ཁེ་ལས་ཁག་དང་མཉམ་དུ་ས་གནས་དེ་གའི་ཐང་ཆེན་དང་ཁྲོམ་གཞུང་སོགས་སུ“དམངས་དང་བློ་སེམས་མཐུན་པར་བྱེད། ཁྱེད་ལ་ང་ཡིས་སྲུང་སྐྱོང་བྱེད”ཅེས་པ་དྲིལ་བསྒྲགས་ཀྱི་བརྗོད་དོན་གཙོ་བོར་བྱས་ཏེ། གཅིག་སྡུད་དྲིལ་བསྒྲགས་བྱས་ནས་ལྗོངས་ཡོངས་ཀྱི་རྒྱུན་རྣམ་ཅན་གྱི་དཔལ་འབྱོར་ཉེས་གསོག་ལ་རྡུང་རྡེག་དང་འགོག་ཟོན་སྐོར་གྱི་དྲིལ་བསྒྲགས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཡོད།

ད་ཡོད་ཀྱི་དྲིལ་བསྒྲགས་ལམ་སྲོལ་སྔར་བས་འཐུས་ཚང་དུ་བཏང་ནས་དཔལ་འབྱོར་ཉེས་གསོག་ལ་རྡུང་རྡེག་དང་འགོག་ཟོན་སྐོར་གྱི་རྒྱུན་རྣམ་ཅན་གྱི་དྲིལ་བསྒྲགས་མཉམ་ལས་ལས་སྟེགས་མཁོ་འདོན་བྱ་ཆེད། ས་གནས་ས་ཐོག་གི་ཁོངས་མིའི་ཚན་པ་ཁག་གིས་བོད་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་ཉེས་གསོག་ལ་རྡུང་རྡེག་དང་འགོག་ཟོན་སྐོར་གྱི་དྲིལ་བསྒྲགས་མནའ་འབྲེལ་བྱེད་འགོ་བཙུགས་པའི་དམིགས་ཡུལ་ནི་དུས་རྒྱུན་གྱི་མཉམ་ལས་མཐུན་སྦྱོར་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་དྲིལ་བསྒྲགས་བྱེད་སྟངས་ལེགས་སུ་དང་གསར་གཏོད་བྱས་ཏེ། ཟུར་ཚད་མང་པོའི་ཐོག་ནས་དཔལ་འབྱོར་ཉེས་གསོག་འགོག་ཟོན་དང་རྡུང་རྡེག་སྐོར་གྱི་དྲིལ་བསྒྲགས་ཁྱད་ཆོས་མངོན་པར་བྱེད་པ་དང་། དྲིལ་བསྒྲགས་ཁྱབ་རྒྱ་ཆེ་རུ་གཏོང་བ། དྲིལ་བསྒྲགས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ། དཔལ་འབྱོར་ཉེས་གསོག་ངོས་འཛིན་དང་འགོག་ཟོན་བྱེད་པའི་མང་ཚོགས་ཀྱི་འདུ་ཤེས་དང་འཇོན་ཐང་ཟམ་མི་ཆད་པར་ཆེ་རུ་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་ལམ་ཐུན་མོང་ཐོག་སྲུང་བ། ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་གཏོད་པ་བཅས་ཀྱི་ཆེད་དུ་རེད།

དྲིལ་བསྒྲགས་བྱ་ཡུལ་དུ་ཁོངས་མིའི་ཚན་པ་ཁག་གིས་དྲིལ་བསྒྲགས་དཔྱད་གཞིའི་ཡིག་རིགས་དང་དངོས་རྫས་སྤྲོད་པ་དང་། རྒྱུན་མཐོང་གི་དཔལ་འབྱོར་ཉེས་གསོག་རིགས་སྣ་ཚོགས་འགྲེལ་བཤད་རྒྱག་པ། རྫུན་ལྷད་ཞན་གསུམ་གྱི་ཐོན་རྫས་དབྱེ་འབྱེད་བྱེད་སྟངས་སློབ་པ། ཁ་བསླུས་སྔོན་འགོག་དང་རྫུན་མར་རྡུང་རྡེག་གི་ཉམས་མྱོང་ཁྲིད་པ། མང་ཚོགས་ཀྱི་དོགས་གནད་སེལ་བ་སོགས་ཀྱི་རྣམ་པའི་ཐོག་ནས་འགན་བཅོལ་ཁ་བསླུས་དང་། བརྒྱུད་འཚོང་། ཁྲིམས་འགལ་གྱི་མ་རྩ་བསྡུ་རུབ། གན་རྒྱའི་ཁ་བསླུས། ཐ་མག་དང་ཨ་རག་རྫུན་མ་དབྱེ་འབྱེད། ཤེས་བྱའི་བདག་དབང་བཙན་གནོད་སོགས་ཀྱི་འབྲེལ་ཡོད་ཤེས་བྱ་གཅིག་སྡུད་ཐོག་དྲིལ་བསྒྲགས་བྱས་ཡོད། ས་གནས་ས་ཐོག་ཏུ་རིག་རྩལ་འཁྲབ་སྟོན་བྱས་པ་བརྒྱུད་ཁྱུག་དབྱིངས་ཀྱི་བརྙན་ཐུང་ལས་སྟེགས་ནས་ཁྲིམས་འགལ་གྱི་མ་དངུལ་བསྡུ་རུབ་འགོག་ཟོན་བྱེད་པའི་དྲིལ་བསྒྲགས་བརྙན་ལམ་ཡང་ཁྱབ་སྤེལ་བཏང་ཡོད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། ས་གནས་ས་ཐོག་ཏུ་ཁྱོན་དྲིལ་བསྒྲགས་དཔྱད་ཡིག་དེབ་ཁྲི་12ལྷག་ཙམ་དང་དྲིལ་བསྒྲགས་དངོས་རྫས་ཁྲི་12ལྷག་ཙམ་སྤྲད་ཡོད།