《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月28日

སྐྱིད་གྲོང་རྒྱལ་མཚམས་འཛུལ་གྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱིས་བརྗོད་དོན་གཙོ་བོའི་དཔེ་དེབ་མཉམ་སྤྱོད་འདུ་ཚོགས་འཚོགས་པ།

འདི་ནི་བརྗོད་དོན་གཙོ་བོའི་དཔེ་ཀློག་མཉམ་སྤྱོད་འདུ་ཚོགས་ཀྱི་བཅར་གླེང་ལྷུ་ཚིགས་སུ་དཔེ་ཀློག་ལས་བྱུང་བའི་བློ་སྐྱེད་སྤེལ་རེས་བྱེད་བཞིན་པ།

འདི་ག་ཚགས་པར་ཁང་དུ་སྐྱིད་གྲོང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་སྐྱིད་གྲོང་རྒྱལ་མཚམས་འཛུལ་གྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱིས“བརྗིད་ཉམས་ལྡན་པའི་གནའ་ལམ། རིག་དཔལ་དར་བའི་རྒྱལ་མཚམས”ཞེས་པའི་བརྗོད་དོན་གཙོ་བོའི་དཔེ་དེབ་མཉམ་སྤྱོད་འདུ་ཚོགས་འཚོགས་ཤིང་། ཉེན་རྟོག་པའི་སྒར་སར་དཔེ་དེབ་ཀློག་པའི་རྣམ་པ་ཟབ་མོ་བཏོད་དེ། ས་ཚིགས་ཡོངས་ཀྱི་མི་དམངས་ཉེན་རྟོག་པའི་རིག་གནས་བྱང་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་བ་རེད།

བགྲོ་གླེང་གི་ལྷུ་ཚིགས་སུ་ས་ཚིགས་དེའི་མཐའ་སྲུང་ཞིབ་བཤེར་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ལེང་ཡུང་དང་ལས་སྒྲུབ་རུ་ཁག་བཞི་པའི་རུ་དཔོན་གཞོན་པ་ཏིང་ཙའེ་ཁྲེང་གིས་ས་ཚིགས་ཡོངས་ཀྱི་མི་དམངས་ཉེན་རྟོག་པ་ཚོར་དཔེ་ཀློག་གི་ཉམས་མྱོང་མཉམ་སྤྱོད་བྱས་པ་དང་། དཔེ་ཀློག་ཐད་ཀྱི་རང་ཉིད་ཀྱི་དམིགས་བསལ་ལྟ་བ་བརྗོད་པ་མ་ཟད། ཇི་ལྟར་བྱས་ནས་དཔེ་དེབ་ཡག་པོ་ཀློག་པའི་ཐད་བསམ་འཆར་དང་གྲོས་འགོ་ཡང་བཏོན་ནས་ས་ཚིགས་ཡོངས་ཀྱི་མི་དམངས་ཉེན་རྟོག་པ་ཚོས་སླད་ཕྱིན་གྱི་ལས་ཀ་དང་། འཚོ་བ། དེ་བཞིན་སློབ་སྦྱོང་བཅས་ཀྱི་ཁྲོད་ཇི་ལྟར་བྱས་ནས་གྲུབ་འབྲས་ཐོབ་པའི་ངང་དཔེ་དེབ་ལྟ་བར་ཐབས་ལམ་བཟང་པོ་ཞིག་མཁོ་འདོན་བྱས་ཡོད།

(སྐལ་མཆོག་གིས་བསྒྱུར། སྤེན་ཚེས་ཞུས)