《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月28日

ལྷོ་ཁ་གྲོང་ཁྱེར་གྱིས།

“མཚན་ཁྲོམ་དུ་བཅའ་ཁྲིམས་ཁྱབ་གདལ་གཏོང”ཞེས་པའི་དམངས་དོན་ཁྲིམས་གཞུང་གི་ཆེད་དོན་ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

འདི་ག་ཚགས་པར་ཁང་དུ་ལྷོ་ཁ་ནས་གློག་འཕྲིན་འབྱོར་གསལ། འདི་ལོའི་ཟླ་5པ་ནི་དམངས་དོན་ཁྲིམས་གཞུང་གི་དྲིལ་བསྒྲགས་ཟླ་བ་ཐེངས་བཞི་པ་དེ་རེད། ཉེ་ཆར། ལྷོ་ཁ་གྲོང་ཁྱེར་བཅའ་ཁྲིམས་ཁྱབ་གདལ་གཞུང་ལས་ཁང་གིས་སྣེ་ཁྲིད་དེ། གྲོང་ཁྱེར་ཡོངས་ཀྱི་བཅའ་ཁྲིམས་ཁྱབ་གདལ་ཁོངས་མིའི་ཚན་པ་གཙོ་བོ་21སྒྲིག་འཛུགས་བྱས་ནས་མཚན་ཁྲོམ་དུ་བཅའ་ཁྲིམས་ཁྱབ་གདལ་གྱི་དྲིལ་བསྒྲགས་བྱེད་སྒོ་དང་ལྷོ་ཁ་གྲོང་ཁྱེར་གྱི་2024ལོའི“དམངས་དོན་ཁྲིམས་གཞུང་གི་དྲིལ་བསྒྲགས་ཟླ་བའི”གཅིག་སྡུད་ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

བསྡོམས་རྩིས་བརྒྱབ་པར་གཞིགས་ན། ད་ཐེངས་མཚན་ཁྲོམ་དུ་བཅའ་ཁྲིམས་ཁྱབ་གདལ་བྱེད་སྒོ་སྤེལ་རིང་ཁྱོན་བཅའ་ཁྲིམས་ཁྱབ་གདལ་གྱི་དྲིལ་བསྒྲགས་དཔྱད་ཡིག་7820དང་སྣ་ཁ་108ཡོད་པའི་བཅའ་ཁྲིམས་ཁྱབ་གདལ་གྱི་དྲིལ་བསྒྲགས་དངོས་རྫས་2551སྤྲད་པ་དང་། མིང་ཐོ་འགོད་པའི་བྱེད་སྒོར་ཞུགས་མཁན་མི་206དང་བཅའ་ཁྲིམས་ཁྱབ་གདལ་གྱི་རོལ་རྩེད་བྱེད་སྒོར་ཞུགས་མཁན་གྲོང་མི་མང་ཚོགས་མི་ཐེངས་507ཟིན་པ། བཅའ་ཁྲིམས་ཀྱི་བློ་འདྲི་ཁག་17ལ་ལན་བཏབ་པ་རེད། བྱེད་སྒོ་ཧྲིལ་པོར་དམངས་ལ་ཕན་པ་དང་གསོན་ཉམས་དོད་ལ་དགོད་བྲོ་བའི་རྣམ་པའི་ཐོག་ནས་བཅའ་ཁྲིམས་ཁྱབ་གདལ་སློབ་གསོ་སྤེལ་ཏེ་བཅའ་ཁྲིམས་སློབ་སྦྱོང་གི་རྣམ་པ་བཟང་པོ་ཞིག་བཏོད་པས་བྱེད་སྒོར་སྔོན་དཔག་བཞིན་ཕན་འབྲས་བཟང་པོ་ཐོན་ཡོད་པ་རེད། (སྐལ་མཆོག་གིས་བསྒྱུར། སྤེན་ཚེས་ཞུས)