《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月28日

དམངས་ཀྱི་ཁེ་ཕན་ལྟེ་བར་འཛིན། རྒྱབ་ཕྱོགས་ལས་དོན་ཏན་ཏིག་སྒྲུབ།

—— རྒྱ་ཚ་རྫོང་སྤྱི་བདེ་ཅུས་ཚེ་ཆུ་ཤང་མངགས་གཏོང་ཁང་གིས་དབྱར་རྩྭ་དགུན་འབུ་འཐུ་མཁན་མང་ཚོགས་ལ་གཡས་གཞོགས་གཡོན་འདེགས་བྱས་པ།

འདི་ནི་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་འགལ་ཟླ་དང་རྩོད་གཞི་གྲལ་བཤེར་བྱེད་བཞིན་པ།

དབྱར་རྩྭ་དགུན་འབུ་འཐུ་འགོ་བཙུགས་ཚུན། རྒྱ་ཚ་རྫོང་སྤྱི་བདེ་ཅུས་ཚེ་ཆུ་ཤང་མངགས་གཏོང་ཁང་གིས་རང་འགུལ་ངང་འགན་འཁྲི་འཁུར་བ་དང་བྱ་ཐབས་སྤེལ་ཤུགས་ཆེ་རུ་བཏང་སྟེ། དབྱར་རྩྭ་དགུན་འབུ་འཐུ་མཁན་མང་ཚོགས་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པ་དང་། ཉེན་དོན་དང་འབྲེལ་བའི་ལས་དོན་སྒྲུབ་པ། སེམས་ནུས་ཡོད་རྒུས་ཞབས་འདེགས་ཡག་པོ་ཞུ་བ་བཅས་བྱས་ཏེ། དབྱར་རྩྭ་དགུན་འབུ་འཐུ་མཁན་མང་ཚོགས་ལ་གཡས་གཞོགས་གཡོན་འདེགས་བྱས་པ་རེད།

བདེ་འཇགས་དྲ་བའི་ཚགས་དམ་དུ་བཏང་བ།

མངགས་གཏོང་ཁང་དེས་གནས་སྐབས་ཏང་ཀྲི་པུའུ་འཕྲལ་མར་བཙུགས་ནས། གྲོང་གསེབ་ཀྱི་དབྱར་རྩྭ་དགུན་འབུ་ཉོ་ཚོང་ཁྲོམ་ར་ནས་རི་རྩེའི་དབྱར་རྩྭ་དགུན་འབུ་འཐུ་སའི་བར། མངགས་གཏོང་ཁང་གི་མི་དམངས(ལས་རོགས)ཉེན་རྟོག་པས་མཐོ་གྲང་གསོ་རླུང་མི་འདང་བ་སོགས་ཀྱི་དཀའ་ཚེགས་ཆེ་བའི་ཁོར་ཡུག་ཁྱད་བསད་བྱེད་པ་དང་། “ས་ཚིགས་སུ་སྲུང་སྐྱོང་དང་། ལམ་རྒྱུད་དུ་སྐོར་གཡེང་། ཁྱོན་ཡོངས་ནས་ཚོད་འཛིན”བཅས་ཀྱི་ཚན་རིག་དང་མཐུན་ལ་ནུས་ཆེའི་སྐོར་གཡེང་སྔོན་འགོག་དང་ཚོད་འཛིན་བྱེད་སྟངས་གཏིང་ཟབ་སྤེལ་བ། སྔོན་འགོག་ཐུབ་པ་དང་ཐོལ་བྱུང་དོན་རྐྱེན་ལ་རྡུང་རྡེག་དང་ཟིལ་གནོན་ནུས་ལྡན་བྱེད་པ། དབྱར་རྩྭ་དགུན་འབུ་ཐོན་ཡུལ་དུ་ཉེན་རྟོག་པ་ཁྱབ་ཚད་དང་། དོ་དམ་བྱེད་ཚད། ཚོད་འཛིན་བྱེད་ཚད་བཅས་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་བཅས་བྱས་ཏེ། སྐོར་གཡེང་ལ་བརྟེན་ནས་མི་དམངས་མང་ཚོགས་ཀྱི་བདེ་འཇགས་ཀྱི་ཚོར་སྣང་ཆེ་རུ་བཏང་ཡོད། དེའི་རིང་ཉིན་རེར་ཆ་སྙོམས་ཉེན་རྟོག་པ་13བཏང་བ་དང་། གནས་སྐབས་ལས་སྒྲུབ་ས་ཚིགས་7བཙུགས་པ། རྒྱུན་རྣམ་ཅན་གྱི་རྐང་ཐང་སྐོར་གཡེང་ཉེན་རྟོག་པ་8བཀོད་སྒྲིག་བཅས་བྱས་ཡོད།

ཐག་ཉེ་ས་ནས་ཞབས་འདེགས་ཞུས་པ།

མངགས་གཏོང་ཁང་གི་མི་དམངས(ལས་རོགས)ཉེན་རྟོག་པས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་དམིཌ་ཡུལ་གྱི་འདུ་ཤེས་བརྟན་པོར་བཙུཌ་ནས། ཁ་བ་བུ་ཡུག་དང་གྲང་ངར་ལ་མི་འཛེམ་པ་དང་། གངས་རིར་འཛེགས་པ། གུར་ནང་སྡོད་པ་བཅས་བྱས་ཏེ་འཐབ་ས་དང་པོ་བརྟན་སྲུང་དང་སྔ་སྣུར་དུ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་བྱས་ཡོད།

དབྱར་རྩྭ་དགུན་འབུ་འཐུ་སར“དཀའ་ངལ་ཡོད་ན་ཏང་ཡོན་འཚོལ་བ་དང་། དཀའ་ངལ་ཡོད་ན་ཏང་ཀྲི་པུའུ་འཚོལ་བའི”དྲིལ་བསྒྲགས་འཕྲེད་འགེལ་སྦྱར་ཡིག་གང་སར་མཐོང་རྒྱུ་ཡོད་ཅིང་། གནས་སྐབས་ཏང་ཀྲི་པུའི་ཏང་ཡོན་མི་དམངས(ལས་རོགས)ཉེན་རྟོག་པས་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་གང་ལེགས་བཏོན་ནས། མང་ཚོགས་ལ་རང་འགུལ་ངང་གུར་རྒྱག་རོགས་དང་དངོས་ཟོག་སྐྱེལ་རོགས་བྱེད་པ་དང་། བྱ་སྤྱོད་དངོས་ལ་བརྟེན་ནས་མང་ཚོགས་ཀྱི་འགྲིམ་འགྲུལ་ཡོ་བྱད་ཉམས་བཟོ་དང་འཚོ་བའི་གད་སྙིགས་གཙང་སེལ་སོགས་ཀྱི་དཀའ་ངལ་དང་རེ་ཞུ་ཐག་གཅོད་བྱེད་རོགས་བྱས་པས“ཉིན་ལྟར་ཉེན་རྟོག་པ་མཐོང་རྒྱུ་ཡོད་པ་དང་ཉེ་འགྲམ་ནས་ཞབས་འདེགས་ཞུ་ཐུབ་པ”བྱུང་ཡོད། མིག་སྔའི་བར་མང་ཚོཌ་ལ་ཞབས་འདེགས་ཐེངས་16ཞུས་པ་དང་མང་ཚོགས་ལ་དཀའ་ངལ་སྣ་ཚོགས་8ཐག་གཅོད་བྱེད་རོགས་བྱས་ཡོད།

ཁྲིམས་སྐྱོང་གི་འདུ་ཤེས་ཟབ་ཏུ་བཏང་བ།

མང་ཚོགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ཟབ་ཏུ་དང་རང་ངོས་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏོང་ཆེད། མངགས་གཏོང་ཁང་གིས་དྲིལ་བསྒྲགས་རྒྱ་ཁྱབ་དང་གཙོ་གནད་དོགས་ཟོན་ཟུང་འབྲེལ་བྱེད་པའི་རྩ་དོན་མཐའ་འཁྱོངས་ཀྱིས་སྤྱི་ཚོགས་བདེ་འཇགས་ཞི་མཐུན་བརྟན་ལྷིང་གི“འགོག་སྲུང་འཛིང་རགས་དང་པོ”ནུས་ཤུགས་ཡོད་རྒུས་བརྟན་པོ་བཙུགས་ཡོད།

མངགས་གཏོང་ཁང་གི་མི་དམངས(ལས་རོགས)ཉེན་རྟོག་པས་ཁོངས་གཏོགས་ཁུལ་གྱི་དབྱར་རྩྭ་དགུན་འབུ་འཐུ་ས་དང་དབྱར་རྩྭ་དགུན་འབུ་ཉོ་ཚོང་བྱེད་སར། བཅའ་ཁྲིམས་སྒྲོག་འགྲེལ་བྱས་ནས་མང་ཚོགས་ལ་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ཞུ་བ་དང་གོ་རིམ་ལྡན་པའི་ངང་བཏུས་ནས་དབྱར་རྩྭ་དགུན་འབུ་འཐུ་སྐབས་ཀྱི་སྒྲིག་ལམ་ལ་རང་རྟོགས་ངང་སྲུང་སྐྱོང་བྱེད་དགོས་པའི་ཁྲིད་སྟོན་བྱས་པ་དང་ཆབས་ཅིག གློག་འཕྲིན་དྲ་རྒྱའི་ཁ་བསླུས་བཀག་འགོག་དང་། མེ་མདའ་གྲལ་བཤེར་བསྡུ་ལེན་དང་འབར་གས་འགོག་པ། མེ་སྤྱོད་དང་། གློག་སྤྱོད། ཐོག་འགོག འབྲུབ་འགོག འགྲིམ་འགྲུལ་བདེ་འཇཌ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སོགས་བཅའ་ཁྲིམས་ཀྱི་ཤེས་བྱ་དང་བདེ་འཇགས་ཀྱི་རྒྱུན་ཤེས་ཁྱབ་གདལ་དྲིལ་བསྒྲགས་བྱས་ནས། བདེ་འཇགས་ལས་འཛོལ་སྣ་ཚོགས་མ་ཐོན་སྔོན་འགོག་ནུས་ལྡན་བྱེད་དགོས་པའི་འབོད་སྐུལ་བྱས་ཡོད།