《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月28日

ངར་སེམས་ཆེར་སྐྱེད་ཀྱིས་འདྲི་གཅོད་ལས་དོན་ཡག་པོ་བསྒྲུབས་པ།

—— “རྒྱལ་ཡོངས་ཁྲིམས་ཁང་གི་སྔོན་ཐོན་མཉམ་སྡེབ”ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་འདྲི་གཅོད་དོ་དམ་གཞུང་ལས་ཁང་གི་སྐོར་བཀོད་པ།

ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་འདྲི་གཅོད་དོ་དམ་གཞུང་ལས་ཁང་དུ་སྐྱོད་སྐབས། དང་ཐོག་གསར་འགོད་པའི་མིག་ལམ་དུ་མངོན་པ་ནི་གཞུང་ལས་ཁང་གི་སྒྲོག་ཙེའི་འགྲམ་དུ་བཀལ་ཡོད་པའི་ཁྲིམས་དཔོན་གྱི་ལྭ་བ་དེ་བླ་ན་མེད་ཅིང་སྒམ་བརླིང་ལྡན་པ་ཞིག་ཡོད་པ་དང་། གྱང་གི་ཟུར་དུ་ཡོད་པའི་ཉལ་ཁྲི་དང་མལ་གདན་ལས་ཞིབ་བཤེར་དོ་དམ་གཞུང་ལས་ཁང་གི་ལས་བྱེད་པ་དང་ཉེན་རྟོག་པའི་རྣམ་ཀུན་གྱི་ལས་བྲེལ་ཤུགས་སུ་མངོན།

ཉེ་བའི་ལོ་ཤས་རིང་། འདྲི་གཅོད་དོ་དམ་གཞུང་ལས་ཁང་གིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས“མི་དམངས་མང་ཚོགས་ལ་ཁྲིམས་འཛིན་གྱོད་གཞིའི་ཁྲོད་ནས་དྲང་གཞག་དྲང་བདེན་ཚོར་ཐུབ་པ་བྱེད་པའི”དམིགས་ཚད་ལ་དམིགས་ཏེ་འདྲི་གཅོད་དོ་དམ་འགན་ནུས་ཀྱི་ངེས་གནས་སྟངས་འཛིན་ཡང་དག་དང་། ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ནུས་པ་ཆེ་རུ་གཏོང་བ། ཁྲིམས་སྒྱུར་གྱོད་གཞི་ཐག་གཅོད་ཀྱི་ལས་འགན་གལ་ཆེན་ཨང་དང་པོར་དམ་འཛིན་ནན་པོ་བཅས་བྱས་ཏེ་སྤུས་ཚད་མཐོ་བའི་འདྲི་གཅོད་དོ་དམ་ལ་བརྟེན་ནས་སྤུས་ཚད་མཐོ་བའི་ཁྲིམས་འཛིན་ལ་སྐུལ་འདེད་ཧུར་ཐག་བཏང་ཡོད། 2023ལོའི་ཟླ་12པར་ལྷ་སའི་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་འདྲི་གཅོད་དོ་དམ་གཞུང་ལས་ཁང་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས“རྒྱལ་ཡོངས་ཁྲིམས་ཁང་གི་སྔོན་ཐོན་མཉམ་སྡེབ”ལ་བདམས་པ་རེད།

འདྲི་གཅོད་དོ་དམ་ལས་དོན་གྱི་རྨང་གཞི་བརྟན་དུ་བཏང་བ།

ཉེ་བའི་ལོ་ལྔའི་རིང་། ལྷ་སའི་ཁྲིམས་ཁང་གི་གྱོད་གཞི་ལོ་རེར་ཆ་སྙོམས་འཕར་ཚད་20%ལྷག་ཙམ་ཟིན་པ་དང་། 2023ལོར་གྲོང་ཁྱེར་ཡོངས་ཀྱི་ཁྲིམས་ཁང་གིས་ཁྱོན་གྱོད་གཞི་34852བདག་སྤྲོད་བྱས་པ་དང་ཁྲིམས་དཔོན་མི་རེས་ཆ་སྙོམས་གྱོད་གཞི་136.92ཐག་གཅོད་བྱས་པ་དེ་ལྗོངས་ཡོངས་ཀྱི་ཁྲིམས་ཁང་གི་ཁྲིམས་དཔོན་གྱིས་གྱོད་གཞི་ཐག་གཅོད་བྱས་པའི་ཆ་སྙོམས་གྲངས་འབོར་གྱི་ལྡབ་1.7ཡིན་པ་རེད།

“མི་དང་གྱོད་གཞིའི་འགལ་ཟླ”དང་། ཐོན་ཁུངས་བཀོད་སྒྲིག གྱོད་གཞིའི་སྤུས་ཚད་དང་ཕན་འབྲས། དཔུང་ཁག་ལ་དོ་དམ་སོགས་ཐད་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་འདྲི་གཅོད་དོ་དམ་གཞུང་ལས་ཁང་གིས་བརྟག་དཔྱད་ཞིབ་འཇུག་ནན་ཏན་བྱས་ནས། བསམ་འཆར་དང་གྲོས་འགོ་བཏོན་པ་དང་། ལྷ་སའི་ཁྲིམས་ཁང་གིས《གྲོང་ཁྱེར་ཡོངས་ཀྱི་ཁྲིམས་ཁང་གི་འདྲི་གཅོད་དོ་དམ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》བཏོན་ནས། དུས་རབས་གསར་པའི་འདྲི་གཅོད་དོ་དམ་ལས་དོན་ལ་ཤུགས་སྣོན་རྒྱག་ཆེད་རྨང་གཞི་བཏིང་ཡོད།

“འདྲི་གཅོད་ལག་བསྟར་དམ་འཛིན་བྱེད་པར་ངེས་པར་དུ་དོ་དམ་ལ་དམ་འཛིན་བྱེད་དགོས་པ་དང་། དོ་དམ་ཁྲོད་ནས་སྤུས་ཚད་དང་དོ་དམ་ཁྲོད་ནས་ལས་ཕྱོད་མངོན་པ་དང་དོ་དམ་ཁྲོད་ནས་ཞབས་འདེགས་ཞུས་ཏེ་དོ་དམ་ལ་བརྟེན་ནས་གཞུང་དྲང་འགན་ལེན་དང་དོ་དམ་ལ་བརྟེན་ནས་སྤྱི་མོས་ཐོབ་ཚད་མཐོ་རུ་གཏོང་དགོས། གྱོད་གཞི་ཐག་གཅོད་ཀྱི་ཛ་དྲག་དུས་བབ་མདུན་དུ། འདྲི་གཅོད་ལག་བསྟར་གྱི་ལས་ཕྱོད་དང་། སྤུས་ཚད། ཕན་འབྲས་བཅས་གཅིག་གྱུར་དམ་ཚགས་ཇི་ལྟར་བྱེད་པ་ནི་འདྲི་གཅོད་དོ་དམ་གཞུང་ལས་ཁང་གི་མི་སྣ་ཡོངས་ཀྱིས་བརྗེད་ཐབས་མེད་པའི་ཞིབ་འཇུག་བྱ་གཞི་གལ་ཆེན་ཞིག་རེད”ཅེས་ལྷ་སའི་འབྲིང་རིམ་མི་དམངས་ཁྲིམས་ཁང་འདྲི་གཅོད་དོ་དམ་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ལུའུ་ཁྲའོ་ཅུས་ཀྱིས་དེ་ལྟར་བཤད།

འདྲི་གཅོད་དོ་དམ་གྱི་འགན་ནུས་འདོན་སྤེལ་བྱས་པ།

འདྲི་གཅོད་དོ་དམ་གཞུང་ལས་ཁང་གིས“སྤུས་ཚད་དང་ཕན་འབྲས་ལ་དམ་འཛིན་དང་། དྲང་གཞག་ལ་སྐུལ་འདེད། ལས་ཕྱོད་ཆེ་རུ་གཏོང་བ”བཅས་ཀྱི་བརྗོད་དོན་གཙོ་བོར་དམིགས་ཏེ་གྱོད་གཞི་སྒྲུབ་གཉེར་གྱི་མྱུར་ཚད་ལ་ཚོད་འཛིན་ཕོག་པ་དང་གྱོད་གཞི་ཉུང་ཤས་ལོ་གཅིག་ལྷག་ཙམ་གྱོད་ཐག་མ་ཆོད་པའི་གནད་དོན་ལ་དམིགས་ཏེ། གྲོང་ཁྱེར་ཡོངས་ཀྱི་ཁྲིམས་ཁང་སྒྲིག་འཛུགས་བྱས་ནས“སྤྱོད་ཚུལ་ལེགས་གཏོང་དང་ཁྲིམས་ཐག་གཅོད་རྒྱུའི་གྱོད་གཞི་གཙང་སེལ”གྱི་ཉིན་བརྒྱའི་བྱ་སྤྱོད་དང་ཡུན་རིང་གྱོད་ཐག་མ་ཆོད་པའི་གཏུག་བཤེར་གྱོད་གཞིའི་ཆེད་དོན་གཙང་སེལ་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་བ་རེད། སྒྲིག་སྲོལ་དང་ལམ་ལུགས་བཙུགས་པ་བརྒྱུད་འདྲི་ཞིབ་དུས་བཅད་ཀྱི་དོ་དམ་བརྒྱུད་རིམ་དང་ཕྱི་ཕྱོགས་མངགས་བཅོལ་གསལ་འབྱེད(ཚོད་སྐོར)ལམ་སྲོལ་ལེགས་སུ་གཏོང་བ་སོགས་ཀྱི་བྱ་ཐབས་བརྒྱུད། “རྒྱུན་གཏན་ནས་དམ་འཛིན་དང་ཡུན་རིང་དམ་འཛིན”བྱེད་པར་སྐུལ་འདེད་བཏང་ཡོད། ཆེད་དོན་གཙང་སེལ་བྱེད་སྒོ་མཇུག་འགྲིལ་རྗེས་གྲོང་ཁྱེར་ཡོངས་ཀྱི་ཁྲིམས་ཁང་གི་ཡུན་རིང་གྱོད་ཐག་མ་ཆོད་པའི་གཏུག་བཤེར་གྱོད་གཞི་80%ལྷག་ཙམ་གཙང་སེལ་ཐུབ་པ་དང་། གྲངས་འབོར་ཉེ་བའི་ལོ་ལྔའི་རིང་གི་དམའ་ཤོས་སུ་ཆག་པས“གཙང་སེལ་བྱེད་ཀྱིན་གསོག་པའི”གཞན་དབང་གི་རྣམ་པ་ནུས་ལྡན་ངང་བསལ་ནས“དྲང་གཞག་དང་ལས་ཕྱོད”དེ་ཞིབ་ཕྲའི་ལས་དོན་ཁྲོད་དོན་འཁྱོལ་ཏན་ཏིག་ཐུབ་ཡོད་པ་རེད།

འདྲི་གཅོད་དོ་དམ་གཞུང་ལས་ཁང་གིས་འདྲི་གཅོད་སྤུས་ཚད་དོ་དམ་གྱི་སྟོན་རྟགས་མ་ལག་དམ་འཛིན་བྱ་གཞིར་བྱེད་རྒྱུ་མཐའ་འཁྱོངས་དང་བརྒྱུད་རིམ་ཧྲིལ་པོའི་འགུལ་རྣམ་དོ་དམ་མཐའ་འཁྱོངས་བྱས་ཏེ། ལས་དོན་ཁྲོད་ཀྱི་དོ་དམ་དང་ལས་རྗེས་ཀྱི་ལྟ་སྐུལ་ཟུང་འབྲེལ་བྱས་ནས་ཆ་ལག་ཚང་བའི་ངང་ཁྲིམས་སྒྱུར་གྱོད་སྒྲུབ་ལ་སྐུལ་འདེད་བཏང་ཡོད། འདྲི་ཞིབ་སྤུས་ཚད་སྟོན་རྟགས་ཀྱི་ཟླ་རེའི་བརྡ་ཁྱབ་ལམ་ལུགས་བཙུགས་ནས་ཁྲུན་གཅོད་ལ་ཡི་རང་བྱུང་ནས་བསྐྱར་གཏུག་མི་བྱེད་པའི་ཚད་དང་། འདྲི་གཅོད་དུས་བཅད་ནང་ཚུན་དུ་གྱོད་ཐག་བཅད་ཚད། ལག་བསྟར་རེ་ཞུ་བྱེད་ཚད་སོགས་སྟོན་རྟགས་གཙོ་བོའི་གནས་ཚུལ་ལ་དམ་པོར་དམིགས་ཏེ་ཁྲིམས་ཁང་ཁག་དང་སྡེ་ཚན་ཁག་གིས་དུས་ཐོག་ཏུ“དཔེ་བསྡུར་ཧེ་བག་འཚོལ་བ”དང་ལས་དོན་ལེགས་བཅོས་ལ་རོགས་རམ་བྱས་ཡོད།

རང་ངོས་ཀྱི་དཔུང་ཁག་འཛུགས་སྐྱོང་ལ་དམ་འཛིན་བྱས་པ།

དཔུང་ཁག་དོ་དམ་གྱི་སྐུལ་ལྕག་ནི་འདྲི་གཅོད་དོ་དམ་གྱི་ནང་དོན་གལ་ཆེན་ཞིག་ཡིན། འདྲི་གཅོད་དོ་དམ་གཞུང་ལས་ཁང་གིས་ཁྲིམས་ཁང་གི་ཏང་ཙུའུ་ཡིས་སྤྲད་པའི་ལྷ་སའི་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་མི་སྣའི་ལས་རྗེས་དཔྱད་ཞིབ་བྱེད་ཐབས་ལ་བཟོ་བཅོས་རྒྱག་པའི་ལས་འགན་ཧུར་ཐག་འཁུར་ཏེ “ལས་མི་ཡོངས་དང་། ཕྱོགས་ཡོངས། དུས་དང་རྣམ་པ་ཀུན”བཅས་ཀྱི་དཔྱད་ཞིབ་འདུ་ཤེས་ལ་བརྟེན་ནས་ལོ་གཅིག་རིང་བཟོ་བཅོས་ཡང་ཡང་དང་འཐུས་སྒོ་ཚང་དུ་བཏང་བ་བརྒྱུད། 2024ལོའི་ལོ་འགོར《ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ལོ་འཁོར་ཕྱོགས་བསྡུས་དཔྱད་ཞིབ་ལག་བསྟར་བྱ་ཐབས(ཚོད་ལྟའི་ལག་བསྟར)》དང་དེ་བཞིན་འབྲེལ་ཡོད་སྟོན་རྟགས་མ་ལག་བཀྲམ་པ་དང་ཆབས་ཅིག་གྲོང་ཁྱེར་ཡོངས་ཀྱི་ཁྲིམས་ཁང་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་བྱེད་པའི་ལམ་སྲོལ་སྔར་བས་ལེགས་སུ་གཏོང་ཆེད། 《ལྷ་ས་གྲོང་ཁྱེར་གྱི་གཞི་རིམ་མི་དམངས་ཁྲིམས་ཁང་ལས་དོན་གྱི་ཕྱོགས་བསྡུས་གདེང་འཇོག་བྱ་ཐབས(ཚོད་ལྟའི་ལག་བསྟར)》དང་དེ་བཞིན་འབྲེལ་ཡོད་སྟོན་རྟགས་མ་ལག་མཉམ་དུ་བཏོན་ཡོད།

ལྷ་ས་འབྲིང་རིམ་མི་དམངས་ཁྲིམས་ཁང་འདྲི་གཅོད་དོ་དམ་གཞུང་ལས་ཁང་གི་ལས་དོན་གྱི་ལག་ལེན་ལས་གྲོང་ཁྱེར་ཡོངས་ཀྱི་ཁྲིམས་ཁང་གི་ཁྲིམས་སྒྱུར་གྱོད་སྒྲུབ་ཀྱི་སྤུས་འབྲས་ལེགས་གཉེར་ལ་སྐུལ་འདེད་ནུས་ལྡན་བཏང་བ་དང་། 2023ལོའི་གྲངས་གཞིར་དཔེ་བཞག་ན། སྒྲུབ་བཞིན་པའི་གྱོད་གཞི་2022ལོ་ལས་ཁྲི་1.4འཕར་བའི་གནས་ཚུལ་འོག་གྱོད་ཐག་གཅོད་ཚད་1.82%མཐོ་རུ་ཕྱིན་པ་དང་གྱོད་ཐག་བཅད་པའི་བསྡོམས་འབོར་གྱིས་ལྗོངས་ཡོངས་ཀྱི་ཁྲིམས་ཁང་གི་གྱོད་ཐག་བཅད་པའི་བསྡོམས་འབོར་གྱི་36.77%བཟུང་བ་དང་། ཡུན་རིང་གྱོད་ཐག་མ་ཆོད་པའི་གྱོད་གཞི་ཉེ་བའི་ལོ་ཤས་རིང་གི་ཆུ་ཚད་དམའ་ཤོས་བར་ཆག་པ་དང་ཁྲིམས་ཁང་7གྱིས་གྱོད་ཐག་གཅོད་ཚད་90%ཟིན་ཡོད་ལ། ལྷག་པར་དུ་ལག་བསྟར་གྱོད་གཞི་གྱོད་ཐག་གཅོད་ཚད་བརྒྱ་ཆའི་གྲངས་5ལྷག་ཙམ་འཕར་ནས་90%ཙམ་ཟིན་པ་དེ་ནི་ཉེ་བའི་ལོ་ཤས་རིང་གི་གྲུབ་འབྲས་ཡག་ཤོས་ཡིན་པ་རེད།

(བསོད་བདེ་ཆེ་བ་དང་བསྟན་བཟང་གིས་སྒྱུར་ཞུས་བྱས)