《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月28日

སྤུ་ཧྲེང་འགག་སྒོས་འདི་ལོའི་ཕྱི་རྒྱལ་གྱི་ཡུལ་སྐོར་བ་ཁག་དང་པོ་བསུས་པ།

འདི་ནི་ལས་དོན་པས་འགག་སྒོ་སྒྲོལ་མཁན་ཡུལ་སྐོར་བར་ཞིབ་བཤེར་བྱེད་བཞིན་པ།

འདི་ག་ཚགས་པར་ཁང་དུ་མངའ་རིས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར་དབྱི་སི་རལ་གྱི་མི་7ལས་གྲུབ་པའི་ཡུལ་སྐོར་ཚོགས་པ་ཞིག་གིས་འགག་སྒོའི་ཚོགས་པའི་ཡུལ་སྐོར་ཐོངས་མཆན་ཁྱེར་ནས་རྒྱལ་ནང་དུ་ཡོང་ཞིང་། དེ་ནི་2024ལོར་འགག་སྒོའི་ཚོགས་པའི་ཡུལ་སྐོར་ཐོངས་མཆན་ཁྱེར་ཏེ་སྤུ་ཧྲེང་འགག་སྒོ་ནས་ཀྲུང་གོའི་བོད་ལྗོངས་སུ་ཡོང་བའི་ཕྱི་རྒྱལ་གྱི་ཡུལ་སྐོར་ཚོགས་པ་ཁག་དང་པོ་དེ་ཡིན་པ་རེད།

ཡུལ་སྐོར་བ་རྒྱལ་མཚམས་སུ་འཛུལ་བའི་ཞབས་ཞུའི་འགན་ལེན་ལས་དོན་ཧུར་ཐག་སྒྲུབ་ཆེད། སྤུ་ཧྲེང་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱིས་ཞབས་ཞུའི་ཇུས་གཞི་སྔ་ས་ནས་བཟོས་ཏེ་ཞབས་ཞུའི་སྒྲིག་འཛུགས་ཡག་པོ་བྱས་པ་དང་ཆབས་ཅིག་ཆེད་ལས་དང་། སྤུས་ལེགས། ནུས་ཆེ་བཅས་ཀྱི་འགག་སྒོ་སྒྲོལ་བའི་ཞབས་ཞུ་ལེགས་སུ་བཏང་བར་ཡུལ་སྐོར་ལས་དོན་ཁང་དང་དེ་བཞིན་ཡུལ་སྐོར་བ་ཚོའི་གདེང་འཇོག་བཟང་པོ་མགྲིན་གཅིག་ཏུ་ཐོབ་པ་རེད།