《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月28日

ལྷ་ས་གྲོང་ཁྱེར་གྱིས།

“སློབ་གྲྭའི་བརྙས་བཅོས་ལ་དོགས་ཟོན་བྱས་ནས་འཚར་ལོངས་ཀྱི་ཁོར་ཡུག་བཟང་པོ་སྲུང”ཞེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་། ལྷ་ས་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་དང་ལྷ་ས་གྲོང་ཁྱེར་སློབ་གསོ་ཅུས་ཀྱིས་མཉམ་དུ“སློབ་གྲྭའི་བརྙས་བཅོས་ལ་དོགས་ཟོན་བྱས་ནས་འཚར་ལོངས་ཀྱི་ཁོར་ཡུག་བཟང་པོ་སྲུང”ཞེས་པའི་བརྗོད་དོན་གཙོ་བོའི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་ཡོད། གྲོང་ཁྱེར་ཡོངས་ཀྱི་དམའ་རིམ་སློབ་འབྲིང་དང་མཐོ་རིམ་སློབ་འབྲིང་གི་སློབ་མའི་འཐུས་མི་80དང་། ཁྱིམ་བདག་གི་འཐུས་མི་20 དགེ་རྒན་གྱི་འཐུས་མི་20བཅས་བྱེད་སྒོར་ཞུགས་ཡོད་པ་རེད།

ལྷ་ས་གྲོང་ཁྱེར་གཞོན་ནུ་ལོ་ཆུང་གི་ཁྲིམས་སྐྱོང་ལག་ལེན་སློབ་གསོའི་རྟེན་གཞིར་སློབ་མ་དང་། ཁྱིམ་བདག དགེ་རྒན་བཅས་ཀྱིས་ཟབ་ནན་ངང་ཁྲིམས་སྐྱོང་སློབ་གསོའི་རྟེན་གཞིར་ལྟ་སྐོར་བྱས་པ་དང་། ལས་དོན་པས་ངོ་སྤྲོད་བྱས་པའི་བཅའ་ཁྲིམས་ཀྱི་ཤེས་བྱ་རེ་རེ་བཞིན་ཉན་པ། ལྟ་རིན་ཡོད་པ་དང་། ཚོར་ཐུབ་པ། རེག་ཐུབ་པ་བཅས་ཀྱི་ཁྲིམས་སྐྱོང་ལག་ལེན་བརྒྱུད་ཁྲིམས་བཀུར་དང་། ཁྲིམས་སྦྱོང་། ཁྲིམས་སྲུང་བཅས་ཀྱི་འདུ་ཤེས་བཙུགས་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ན་སོ་དར་ལ་མ་བབས་པའི་མིའི་ཞིབ་དཔྱོད་ལས་དོན་ཁང་གཏོད་རྒྱུ་དམ་འཛིན་བྱ་གཞིར་བྱས་ཏེ། ཕྱོགས་ཡོངས་ཇུས་འགོད་དང་། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན། ཕྱོགས་ཡོངས་ལ་ཁྱབ་པ་བཅས་ཀྱི་སྒོ་ནས“ཁྲིམས་སྐྱོང་ཤེས་བྱ་སློབ་གྲྭར་ཁྱབ་གདལ་གཏོང་བའི”བྱེད་སྒོ་སྤེལ་བས། གཞོན་ནུ་ལོ་ཆུང་གི་ཁྲིམས་ལུགས་ཁྱབ་གདལ་གྱི་སློབ་གསོའི་ལས་དོན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་པ་རེད།