《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月28日

རང་སྐྱོང་ལྗོངས་དྲ་སྦྲེལ་ལས་རིགས་ཀྱི་རང་འདོམས་ལས་དོན་ཨུ་ལྷན་བཙུགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། རང་སྐྱོང་ལྗོངས་དྲ་སྦྲེལ་ལས་རིགས་ཀྱི་རང་འདོམས་ལས་དོན་ཨུ་ལྷན་ལྷ་སར་བཙུགས་པ་རེད། ཚོགས་ཆེན་ཐོག་རང་སྐྱོང་ལྗོངས་དྲ་སྦྲེལ་ལས་རིགས་ཀྱི་རང་འདོམས་ལས་དོན་ཨུ་ལྷན་གྱི་སྒྲིག་ཡིག་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་རྒྱུན་ལས་ཀྱི་ལས་འཛིན་དཔོན་གཞོན་པ་དང་དྲུང་ཆེ་སོགས་ལས་གནས་ཀྱི་འགན་འཁུར་བ་བདམས་པ་རེད།

རང་སྐྱོང་ལྗོངས་དྲ་སྦྲེལ་ལས་རིགས་ཀྱི་རང་འདོམས་ལས་དོན་ཨུ་ལྷན་ནི་རང་སྐྱོང་ལྗོངས་ཏང་ཨུད་དྲ་འཕྲིན་གཞུང་དོན་ཁང་གིས་མཛུབ་ཁྲིད་བྱས་པ་དང་ལྗོངས་དྲ་སྦྲེལ་མཐུན་ཚོགས་དང་། ལྗོངས་འཕྲིན་གཏོང་ལས་རིགས་མཐུན་ཚོགས། ལྗོངས་གྲངས་འཛིན་ཆ་འཕྲིན་ལས་རིགས་མཐུན་ཚོགས་སོགས་ཚན་པ་9ཡིས་མཉམ་དུ་བཙུགས་ཤིང་། དེའི་དམིགས་ཡུལ་ནི་རང་སྐྱོང་ལྗོངས་ཀྱི་དྲ་སྦྲེལ་ལས་རིགས་ཀྱི་རང་འདོམས་ལས་དོན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་རང་ལྗོངས་ཀྱི་དྲ་སྦྲེལ་ཁེ་ལས་ཀྱི་སྤྱི་ཚོགས་ཀྱི་འགན་འཁྲིའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། རང་ལྗོངས་ཀྱི་དྲ་སྦྲེལ་ཤེས་དཔལ་སྲོལ་གཏོད་ལ་ཤུགས་སྣོན་རྒྱག་པ། རང་ལྗོངས་ཀྱི་དྲ་སྦྲེལ་བདེ་འཇགས་སྲུང་སྐྱོང་། རང་ལྗོངས་ཀྱི་དྲ་སྦྲེལ་ལས་རིགས་སྐྱོན་བྲལ་དང་། གོ་རིམ་ལྡན་པ། མཐུན་སྦྱོར། རྒྱུན་མཐུད་བཅས་ཀྱི་འཕེལ་རྒྱས་ལ་རམ་འདེགས་བྱ་རྒྱུ་དེ་རེད།