※ གཞོན་པའི་ཤུགས་ལས། །
རྒད་པོའི་ཇུས་བཟང་། །
※ ཁ་མང་གྱོད་ཀྱི་རྩ་བ། །
བྱ་མང་བྱུར་གྱི་སྣ་འདྲེན། །
※ རྟ་ཕོ་ཆག་གིས་གསོས། །
དྲིན་ལན་རྡོག་པས་འཇལ། །
※ མི་མདོག་ངན་བཤད་པ་ཚ། །
སྙེ་མ་རྡོག་མེད་མགོ་འཕང་མཐོ། །
※ མི་ངན་གར་འགྲོ་གཏམ་ངན། །
བྱ་ངན་གར་འགྲོ་སྐད་ངན། །
※ མི་གཡོ་ཅན་གྲོགས་སུ་འགུགས་པ་དེ། །
རྡོ་རིལ་རིལ་རྩིག་པར་འཇུག་དང་མཚུངས། །
※ ཁ་མཚར་ཁ་ཡི་རྒྱན་ཆ། །
མེ་ཏོག་སྤང་གི་རྒྱན་ཆ། །
※ ཁོག་དྲང་མོ་མདའ་འདྲ་འདྲ། །
སེམས་བརྟན་པོ་རི་འདྲ་འདྲ། །
※ བསམ་ནས་བཤད་ན་ཚིག་ཡིན། །
བལྡད་ནས་མིད་ན་ཟས་ཡིན། །
※ རྒྱ་ཤོག་དཀར་པོའི་ངོས་འཇམ་ལ། །
ཡི་གེ་ནག་ཆུང་གྲལ་ལ་བཞུགས། །
※ སྒྲ་འཛིན་རྣ་བས་ཐོས་པ་ལས། །
འདྲེན་བྱེད་མིག་གིས་རིག་ན་དགའ། །
※ གཏམ་འགོ་འཛུམ་གྱིས་བསུས། །
གཏམ་གཞུག་འཛུམ་ལ་བཞག །
※ བཏང་ན་མདའ་དང་བཀུག་ན་གཞུ། །